From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ངེས་དོན་གྱི་མདོ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། དབུ་མ། བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། རང་གི་དངོས་བསྟན་དུ་གྱུར་པའི་དོན་དམ་བདེན་པ་དངོས་ཀྱི་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་རབ་ཏུ་ཕྱེ་བའི་མདོ་དམིགས་པ། རང་ཉིད་ངེས་དོན་གྱི་མདོ་ཡིན་པའི་མཚན་ཉིད། མཚན་གཞི། ཡུམ་རྒྱས་འབྲིང་བསྡུས་གསུམ་ལྟ་བུ། མདོ་དེ་ལས་ཇི་སྐད་དུ། ངེས་པའི་དོན་གྱི་མདོ་དེ་ནི་གང། དྲང་བའི་དོན་གྱི་མདོ་དེ་ནི་གང་ཞེ་ན། མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པ་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། མདོ་སྡེ་གང་དག་དོན་དམ་སྒྲུབ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། མདོ་སྡེ་གང་དག་ཚིག་དང་ཡི་གེ་སྣ་ཚོགས་པ་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། མདོ་སྡེ་གང་དག་ཟབ་མོ་ལྟར་དཀའ་བ་རྟོགས་པར་དཀའ་བ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། མདོ་སྡེ་གང་དག་བདག་དང་སེམས་ཅན་དང་སྲོག་དང་གསོ་བ་དང་སྐྱེས་བུ་དང་གང་ཟག་དང་ཤེད་ལས་སྐྱེས་དང་ཤེད་བུ་དང་བྱེད་པ་པོ་དང་ཚོར་བ་པོ་སྐད་སྣ་ཚོགས་ཀྱིས་བཤད་པར་བྱ་བ་བདག་པོ་མེད་པ་ལ་བདག་པོ་ལྟ་བུར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། མདོ་སྡེ་གང་དག་དངོས་པོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་མངོན་པར་འདུ་བྱེད་པ་མེད་པ་དང་སྐྱེ་བ་མེད་པ་དང་མ་སྐྱེས་པ་དང་། སེམས་ཅན་མེད་པ་དང་སྲོག་མེད་པ་དང་གང་ཟག་མེད་པ་དང་བདག་པོ་མེད་པ་རྣམ་པར་ཐར་པའི་སྒོ་སྟོན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ། ངེས་དོན་གྱི་མདོའི་མཚན་ཉིད། དེ་ཡང་ཡིན་ཏེ། དོན་དམ་བདེན་པ་དང་ངེས་དོན་གཉིས་དོན་གཅིག ཞེས་གསུངས་པའི་ཕྱིར། ངེས་དོན་གྱི་མདོ་དེས་དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་ཏེ། དེས་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་བདེན་མེད་དུ་བསྟན་པའི་ཕྱིར།
|
| Domain
|
ཆོས་ལུགས།
|
ངེས་དོན་གྱི་མདོ་ (2)
| Part of speech
|
མིང་ཚིག
|
| Definition
|
བཀྲས་ལྷུན་ཤར་རྩེའི་ཡིག་ཆར། རང་གི་བརྗོད་བྱར་གྱུར་པའི་དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ། མཚན་གཞི་ནི། འདུས་བྱས་བདེན་མེད་དུ་སྟོན་པའི་མདོ་ལྟ་བུ།
|