15278
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་སྐོར། ཀུན་མཁྱེན་དོལ་པོ་པ་རྟོན་པ་བཞི་ལྡན་གྱིས་མཛད་པའི་ཞུ་དོན་སྙིང་བོ་ལས། ཡང་ངེས་དོན་མདོ་ལྔ་ནི། ཤེར་ཕྱིན་ལྔ་བརྒྱ་བ། བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ཆ་བཅུ་གཉིས་བྱམས་ཞུས་སུའང་གྲགས་པ་གཉིས་གཅིག་ཏུ་བསྡུས་པ། རྒྱན་སྡུག་པོ་བཀོད་པའི་མདོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོ། དཀོན་མཆོག་སྤྲིན་གྱི་མདོ་རྣམས་སོ། །དེ་རྣམས་ལས་དང་པོ་ནི། ཤེས་རབ་སྣ་ཚོགས་ན་བཞུགས་ཤིང་། བྱམས་ཞུས་གཉིས་ནི་ཁྲི་བརྒྱད་སྟོང་པ་དང་། ཉི་ཁྲི་ལྔ་སྟོང་བ་ན་བཞུགས་ལ། ལྷག་མ་གསུམ་ནི་མདོ་སྡེ་ན་བཞུགས་སོ། །ཡང་དེ་རྣམས་གྱི་སྟེང་དུ་གསེར་འོད་དུམ་ཆེན། དགོངས་པ་ངེས་པར་འགྲེལ་བ། ལང་ཀར་གཤེགས་པ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ། སངས་རྒྱས་ཕལ་བོ་ཆེ་རྣམས་བསྣན་པས་ངེས་དོན་མདོ་བཅུ་སྟེ། དང་པོ་བཞི་ནི་མདོ་སྡེ་ན་བཞུགས་ཤིང་། དང་པོ་དང་ཐ་མ་ནི་ཟུར་ན་བཞུགས་པས་རབ་ཏུ་གྲགས་སོ། །དེ་ལྟར་སྙིང་པོའི་མདོ་ལྔ་མདོ་བཅུ་ངེས་དོན་མདོ་ལྔ་མདོ་བཅུ་ནི། ཉུང་ལ་མོས་པ་རྣམས་ཀྱིས་ཀྱང་གདོན་མི་ཟ་བར་གཟིགས་དགོས་ལ། རྒྱས་པར་ནི་བཀའ་འགྱུར། བསྟན་འགྱུར་མཐའ་དག་གཟིགས་དགོས་ཤིང་། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |