15284

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངེས་པ་ཅན་གྱི་སྦྱར་བ་ (1)
Part of speech མིང་ཚིག
Definition སྙན་གཞུང་མེ་ལོང་མའི་དོན་རྒྱན་སོ་ལྔའི་ནང་གསེས་ཉེར་བཞི་བ་སྦྱར་བའི་རྒྱན་ལ་དབྱེ་བ་དགུ་ཡོད་པའི་དྲུག་པ་སྟེ། སྦྱར་གཞི་དངོས་པོ་གང་ཡང་རུང་བ་ཞིག་གི་སྦྱར་ཆོས་རྣམས་ཀྱི་ནང་ནས་སྦྱར་གཞི་དང་མི་མཐུན་པའི་སྒྲའི་འཇུག་དོན་རྣམས་བཀག་སྟེ་དེ་དང་མཐུན་པའི་སྒྲ་དོན་གཅིག་ཉིད་དུ་ངེས་པ་སྟོན་པའི་རྒྱན་ཞིག་སྟེ།
Example བོད་མཁས་པས། ཀེ་ས་ར་དང་རྗེས་འབྲེལ་ཀརྣི་ཀས། །བརྒྱན་ཅིང་བདུད་རྩིའི་རྟེན་ལ་གཉིས་སྐྱེས་ཕྲེང་། །མཛེས་ལྡན་པདྨ་ཅན་གྱི་མཆོག་དེ་དག ། སྙིང་སྡུག་འདི་ཡི་ལུས་ལ་ངེས་པར་གནས། །ཞེས་པ་ལྟ་བུ།
Domain རྩོམ་རིག