15291

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངེས་པ་བདུན་ལྡན་གླུ་ (1)
Part of speech མིང་ཚིག
Definition ངེས་པ་བདུན་དང་ལྡན་པའི་གླུ་དབྱངས། དེ་ཡང་གླུ་དབྱངས་ཀྱི་ངེས་པ་བདུན་ནི། དྲུག་སྐྱེས་དང་། དྲང་སྲོང་། ས་འཛིན། བར་མ། ལྔ་ལྡན། བློ་གསལ། འཁོར་ཉན་དང་བདུན། དེ་ཡང་དྲུག་སྐྱེས་རྨ་བྱའི་སྐད་ལྟར་སྒྲོག དྲང་སྲོང་བ་གླང་སྐད་ཀྱིས་རྩོམ། ས་འཛིན་སྐྱེས་ནི་ར་ཡི་སྐད། བར་མ་ཁྲུང་ཁྲུང་སྒྲ་སྒྲོག་བཞིན། ལྔ་ལྡན་མེ་ཏོག་ལྡན་དུས་སུ། ཁྱུ་བྱུག་སྐད་སྙན་སྒྲོག་ལྟ་བུ། བློ་གསལ་རྟ་སྐད་ལྟ་བུར་འཚེར། འཁོར་ཉན་གླང་པོའི་སྒྲ་ལྟ་བུའོ། །རྩེད་མོ་རློམ་པར་བླང་བ་ནི། དྲུག་སྐྱེས་དྲང་སྲོང་དེ་བཞིན་ནོ། །ས་འཛིན་པ་དང་འཁོར་ཉན་དབྱངས། སྙིང་རྗེའི་རོ་ལ་བླང་བར་བྱ། འཐབ་མོ་འཇིགས་དང་བཅས་པ་ལ། བློ་གསལ་དབྱངས་ནི་བླང་བའོ། །