15296

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངེས་པ་འགོག་པའི་སྦྱར་བ་ (1)
Part of speech མིང་ཚིག
Definition སྙན་གཞུང་མེ་ལོང་མའི་དོན་རྒྱན་སོ་ལྔའི་ནང་གསེས་ཉེར་བཞི་བ་སྦྱར་བའི་རྒྱན་ལ་དགུ་ཡོད་པའི་བདུན་པ་སྟེ། རྗོད་བྱེད་ཀྱི་སྒྲ་གཅིག་སྐབས་དོན་གྱི་ཡུལ་དེ་ལ་ལྟོས་ནས་སྒྲ་དང་དོན་གང་ཡང་རུང་བའི་སྒོ་ནས་སྦྱར་གཞི་གཅིག་ཤོས་ཁོ་ན་ལ་འཇུག་པར་ངེས་གཟུང་བྱས་པའི་རྗེས་སུ། སླར་ཡང་སྦྱར་ཆོས་དེ་དང་ལྡན་པའི་དངོས་པོ་གཞན་དག་ཀྱང་ཡོད་པར་སྟོན་པ་ཞིག་ཡིན་ཏེ།
Example བོད་མཁས་པས། ཕྱོགས་འདིར་སྲེད་ལྡན་ཁྱོད་ཀྱིས་མ་བགྲོད་པའི། །ལུས་ཕྲ་སྐྱེ་བའི་ལམ་རབ་སྟེར་བའི་མ། ། འོན་ཀྱང་མ་ངེས་སྐྱེ་མེད་མཚན་ལྡན་པའི། །སྔོ་བསངས་ནམ་མཁའི་བུ་མོ་དག་ཀྱང་མཐོང་། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག