15301
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགེ་ཚུལ་སློང་སོགས་གཏན་ཁྲིམས་ཀྱི་སྡོམ་པ་ལེན་པར་འགལ་རྐྱེན་ངེས་པ་ལྔ་བྲལ་དགེ་སློང་ལ་དངོས་དང༌། དགེ་ཚུལ་ལ་ཆ་འདྲ་ཞིག་དགོས་པ་སྟེ། མཐུན་རྐྱེན་ཚང་བའི་ཡུལ་འདིར་བསྲུང་གི་གཞན་དུ་བསྲུང་མི་ནུས་སྙམ་པ་ལྟ་བུ་ཡུལ་ངེས་པ། ལོ་ཟླ་སོགས་འདི་ཙམ་དུ་བསྲུང་གི་དེ་ཕན་བསྲུང་མི་ནུས་སྙམ་པ་ལྟ་བུ་དུས་ངེས་པ། འཐབ་རྩོད་ཀྱི་སྐབས་མ་གཏོགས་པ་གཞན་དུ་བསྲུང་སྙམ་པ་ལྟ་བུ་ཚེ་ངེས་པ། དགྲ་མ་གཏོགས་པ་གཞན་གྱི་སྲོག་མི་གཅོད་སྙམ་པ་ལྟ་བུ་སེམས་ཅན་ངེས་པ། བསླབ་བྱ་རགས་པ་འགའ་ཞིག་ལས་ཕྲ་བ་རྣམས་བསྲུང་མི་ནུས་སྙམ་པ་ལྟ་བུ་ཡན་ལག་ངེས་པ་སྟེ་དེ་རྣམས་དང་བྲལ་བ། |
| Domain | ཆོས་ལུགས། |