15304
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྙན་གཞུང་མེ་ལོང་མའི་དོན་རྒྱན་སོ་ལྔའི་ནང་གསེས་གཉིས་པ་དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་ལྔ་བ་སྟེ། དཔེ་ཅན་དེ་ལ་འོས་པའི་དཔེ་ཞིག་བཀོད་དེ། དེ་གཉིས་མཚུངས་པར་བརྗོད་པར་མ་ཟད་དཔེ་ཅན་དེ་ཉིད་དཔེ་དེ་ཁོ་ན་དང་མཚུངས་ཀྱི། དེ་ལས་གཞན་པའི་དཔེ་མེད་པར་སྟོན་པ་ཞིག་སྟེ། |
| Example | བོད་མཁས་པས། མཐའ་དང་ཟད་དུ་མེད་པ་སྡུག་བསྔལ་གྱི། །འབྱུང་བ་འཁོར་བ་འདི་ཉིད་དུག་ཅན་མཚོ། ། ཁོ་ནའི་རྗེས་སུ་རྐང་བ་འཇོག་པ་སྟེ། །དཔེར་འོས་གཞན་འགའ་འཇིག་རྟེན་འདི་ན་མེད། །ཅེས་པ་ལྟ་བུ། |
| Domain | རྩོམ་རིག |