1531

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀིམ་པ་ཀ་ (1)
Part of speech མིང་ཚིག
Definition ཤིང་ཏོག་གི་འབྲས་བུ་ཕྱི་བཟང་ལ་ནང་ངན་པ་དང༌། དང་པོ་ཟ་བའི་ཚེ་ཞིམ་པ་ལྟར་སྣང་ཡང༌། ཟོས་རྗེས་ནད་བསྐྱེད་ནས་སྡུག་བསྔལ་ཞིང་འཆི་བར་བྱེད་པ་ཞིག་ཡིན། འདུལ་བ་སོགས་སུ་ཀིམ་པའི་འབྲས་བུ་ནི་འདོད་པའི་དཔེ་ལ་བཞག་ཡོད། དཔེར་ན་འདུལ་བ་ལུང་རྣམ་འབྱེད་ལས། ཀིམ་པའི་འབྲས་བུ་འདྲ་བ་ཡི། །འདོད་པ་སྤྱོད་པར་བདག་མི་འཚལ། །འབྲས་བུ་བདུད་རྩི་རོ་གདའ་བའི། །ཚངས་སྤྱོད་བདག་གིས་སྤྱོད་པར་བགྱི། །ཞེས་གསུངས།