15314

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྒྱུན་ཞུགས་སྲིད་པ་ལན་བདུན་པ་པ་ཡང་ཡིན། རྒྱུན་ཞུགས་ཀྱི་རྟེན་ལ་འདོད་པར་ལས་ཉོན་གྱི་དབང་གིས་རིགས་མཐུན་གྱི་སྐྱེ་སྲིད་བདུན་ལེན་པར་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས། ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་པའི་མཚན་ཉིད་ཡིན། དེས་ན་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་དེ། རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པ། འདོད་པ་ལ་འདུན་པའི་ཉོན་མོངས་ཅུང་ཟད་ཀྱང་མ་སྤངས་པ། འདོད་པར་རྒྱུན་ཞུགས་ཀྱི་རྟེན་ལ་རིགས་མཐུན་གྱི་སྐྱེ་སྲིད་བདུན་ལེན་པར་ངེས་པའི་ཁྱད་ཆོས་གསུམ་དང་ལྡན་པ་ཞིག་དགོས། དེའི་སྐྱེ་བ་ལེན་ཚུལ་དེ་ཇི་ལྟ་བུ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ནི། རྒྱུགས་ཞུགས་ཀྱི་རྟེན་ལ་འདོད་པར་ལྷའི་སྐྱེ་སྲིད་བདུན། མིའི་སྐྱེ་སྲིད་བདུན། དེ་གཉིས་ཀྱི་བར་སྲིད་བདུན་བདུན་ཏེ་སྲིད་པ་ཉི་ཤུ་རྩ་བརྒྱད་ལེན་པར་ངེས་པ་ཡིན་ལ། དེ་ལྟར་ན་ཡང་དེ་སྲིད་པ་ལན་བདུན་པར་མི་འགྱུར་པའི་སྐྱོན་མེད་དེ། སྲིད་པ་དེ་རྣམས་བདུན་ཚན་དུ་འདྲ་བའི་ཕྱིར། མདོ་སྡེ་པ་ན་རེ། ལྷ་མི་བསྡོམས་པའི་སྐྱེ་བ་བདུན་ལེན་པ་ཡིན་གྱི་སོ་སོར་ལན་བདུན་བདུན་ལེན་པ་ནི་མིན་ཏེ། མདོ་ལས་ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན། ཞེས་གསུངས་ཀྱི། སོ་སོར་ལན་བདུན་བདུན་ཞེས་མ་གསུངས་པའི་ཕྱིར། དེ་ཡང་མིའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ན། དང་པོར་མིའི་སྐྱེ་སྲིད་གསུམ། དེའི་རྗེས་ལྷའི་སྐྱེ་སྲིད་གསུམ་བླངས་ནས་མཐར་མིའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ཡིན་ལ། ལྷའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་ཡིན་ན། སྐྱེ་བ་ལེན་ཚུལ་སྔ་མ་ལས་གོ་ལྡོག་ནས་མྱ་ངན་ལས་འདའ་བ་ཡིན་ནོ། །
Domain ཆོས་ལུགས།