15315

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངེས་པའི་རྣལ་འབྱོར་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ས་གཉིས་པ་བརྟེན་པ་གཞིའི་སར་ཐོབ་པའི་རྣལ་འབྱོར་བཞིའི་མཐའ་མ་ཡིན། བསླབ་པའི་མཐའ་བཅུ་ལས་མི་འགྱུར་བའི་བསམ་པས་ངེས་པའི་རྣལ་འབྱོར་གྱིས་སྟོང་པའི་རྒྱུའམ་རྒྱུ་མེད་པ་ལས་འབྲས་བུ་གྲུབ་པར་ལྟ་བས་ངེས་པའི་རྣལ་འབྱོར་ཞེས་བྱ། མཚན་བཅས་ལྷ་སྒོམ་སྐབས། ཉམས་མཐར་ཕྱིན་པ་ཡེངས་ཐུབ་ལ་སེམས་བརྟན་ཞིང་མི་བསླུ་བའོ། །ཉམས་འདི་རིན་ཆེན་མྱུ་གུའི་ཏིང་ངེ་འཛིན་ལ་སྦྱར་ཏེ་འཕྲོ་འདུ་ནི་སྣ་ཡིས་དྲི་ཚོར་ཚད་དུ། ཁྱོན་ནི་ཁྲུ་བརྒྱད་དེ་ལུས་ཉིས་འགྱུར་དང་། གྲངས་ནི་ཡབ་ཡུམ་གཉིས་ཡན་ལག་གི་ལྷ་དང་བཅས་པ། རྣམ་པ་ནི་མཚན་མའི་ལྷའོ། །མཚན་མེད་ཆོས་ཉིད་སྒོམ་ཚེ་རྩོལ་བ་སྦྱོར་བའི་གནས་སྐབས་འདིར་སྨོན་པ་བྱང་ཆུབ་ཀྱི་སེམས་དཔེ་སྐར་མ་ཕལ་པ་ལྟར་ཆོས་ཉིད་ཡུལ་དུ་འཆར་ཏེ། ཆོས་ཉིད་ཡིད་ལ་བྱེད་པའི་ལྟ་བ་དང་ལས་ཀྱི་བག་ཆགས་ཀྱི་དུག་ཐོག་མར་འཇོམས་པས་དུག་འཇོམས་སྨན་གྱི་ཏིང་ངེ་འཛིན་ནམ། གསང་སྔགས་ཀྱི་བསླབ་པ་མཆོག་གི་གཞིར་གྱུར་ཕྱིར་རིན་ཆེན་མྱུ་གུའི་ཏིང་ངེ་འཛིན་ལ་གནས་ཏེ། དག་མ་དག་ཕྲ་མེན་དུ་སྤྱོད་པར་གསུངས།
Domain ཆོས་ལུགས།