15355
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་འཕགས་པ་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ནང་ཉེ་བར་ཞི་བས་ཡོངས་སུ་དག་པ། ཕྱི་རོལ་ཏུ་མི་རྒྱུ་བས་ཡོངས་སུ་དག་པ། ཁམས་གསུམ་ལ་མི་གནས་པས་ཡོངས་སུ་དག་པ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཐུན་པས་ཡོངས་སུ་དག་པ། སྐྱེ་བ་མེད་པ་དང་འབྱུང་བ་མེད་པས་ཡོངས་སུ་དག་པ། མངོན་པར་འདུ་བྱེད་པ་མེད་པས་སོ་སོར་རྟོག་པས་ཡོངས་སུ་དག་པ། ཆོས་ཐམས་ཅད་བདག་མེད་པས་སོ་སོར་རྟོག་པས་ཡོངས་སུ་དག་པ། ཉོན་མོངས་པ་ཐམས་ཅད་ཀྱིས་ཤིན་ཏུ་མི་འཁྲུགས་པས་ཡོངས་སུ་དག་པའོ། ། |
| Domain | ཆོས་ལུགས། |