15358

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངེས་པས་ལྟོས་པ་འགོག་པའི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་རྩོད་གཞི་ཆོས་ཅན་དེ། རང་གྲུབ་ཙམ་ནས་དེའི་ངོ་བོར་གྲུབ་པའམ་ངེས་པའི་རྟགས་ཀྱིས། རང་ཉིད་ཆོས་དེའི་ངོ་བོར་གྲུབ་པ་ལ་རང་ལས་ཕྱིས་འབྱུང་གི་རྒྱུ་རྐྱེན་གཞན་ལ་ལྟོས་པ་འགོག་པའི་རྟགས་ཡང་དག་ཞིག་ལ་ཟེར་བ་ཡིན་ཏེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པས་མཛད་པའི་རྟགས་རིགས་མཐའ་དཔྱོད་ལས། ལྟོས་པས་ངེས་པ་འགོག་པའི་རྟགས་ཡང་དག་དང་། ངེས་པས་ལྟོས་པ་འགོག་པའི་རྟགས་ཡང་དག་གཉིས། མཚན་གཞི་རིམ་པ་ལྟར། གོས་དཀར་པོ་ཆོས་ཅན། རང་གྲུབ་ཙམ་ནས་ཚོན་ཅན་དུ་མ་ངེས་ཏེེ། རང་ཉིད་ཚོན་ཅན་དུ་འགྱུར་བ་རང་ལས་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་དགོས་པའི་ཕྱིར། ཞེས་བརྗོད་པའི་ཚེ་ན་དེ་དེ་སྒྲུབ་ཀྱི་ལྟོས་པས་ངེས་པ་འགོག་པའི་རྟགས་ཡང་དག་ཡིན། བྱས་པ་ཆོས་ཅན། རང་ཉིད་འཇིག་པ་རང་ལས་ཕྱིས་འབྱུང་གི་རྒྱུ་རྐྱེན་གཞན་ལ་མི་ལྟོས་ཏེེ། རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པའི་ཕྱིར། ཞེས་བརྗོད་པའི་ཚེ་ན། དེ་དེ་སྒྲུབ་ཀྱི་ངེས་པས་ལྟོས་པ་འགོག་པའི་རྟགས་ཡང་དག་ཡིན། ཞེས་གསུངས་པའི་ཕྱིར།
Domain ཚད་མ།