15373
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྙན་གཞུང་མེ་ལོང་ལས་དོན་རྒྱན་སོ་ལྔའི་ནང་གསེས་གཉིས་པ་དཔེ་རྒྱན་ལ་སོ་གཉིས་ཀྱི་ནང་གསེས་དྲུག་པ་སྟེ། དཔེ་ཅན་དེར་དཔེ་གཅིག་བཀོད་དེ། དེ་དང་མཚུངས་པ་གཞན་ཡོད་ན་དེ་ཡང་དཔེ་ཅན་དེའི་དཔེར་འོས་སོ་ཞེས་སྟོན་པ་ཞིག་སྟེ། |
| Example | བོད་མཁས་པས། རྙེད་དཀའ་བརྒྱ་ལམ་ཐོབ་ན་དོན་ཆེ་བ། །དལ་བའི་རྟེན་འདི་འཇོག་པོའི་གཙུག་རྒྱན་དང་། ། རེ་ཞིག་མཚན་ཉིད་མཐུན་མོད་དེ་འདྲ་བའི། །དངོས་གཞན་སྲིད་ན་མཆིས་ཀྱང་རྗེས་སུ་འགྲོ། །ཞེས་པ་ལྟ་བུ། |
| Domain | རྩོམ་རིག |