15382
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ལམ་བདེན་གྱི་ཁྱད་ཆོས་སུ་གྱུར་པའི་ངེས་འབྱིན་ཞེས་པ་ནི། དེས་སྡུག་བསྔལ་གཏན་ནས་ཟད་པར་བྱེད་མི་ནུས་པར་འདོད་པའི་ལོག་རྟོག་གི་གཉེན་པོར་མདོ་ལས་གསུངས་ཞིང་སླར་མི་ལྡོག་པ་མྱང་འདས་རྟག་པའི་གནས་སུ་གདོན་མི་ཟ་བར་ཕྱིན་པར་བྱེད་པས་ན་ངེས་འབྱིན་ཞེས་བརྗོད་དེ། དེ་ལྟར་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། ལམ་གྱི་བདེན་པ་ནི། རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་དངོས་སུ་སྤོང་བའི་གཉེན་པོ་བར་ཆད་མེད་ལམ་དང། དེའི་སྤངས་པ་ལ་དབང་བྱེད་པ་རྣམ་གྲོལ་ལམ་དང་གཉིས་ཀྱིས་བསྡུས་པའི་འཕགས་པའི་ཡེ་ཤེས་རྣམས་ཡིན་ལ། དེ་ལ་ཡང་ཐར་ལམ་གཏན་མེད་དུ་འཛིན་པ་དང། བདག་མེད་རྟོགས་པའི་ཤེས་རབ་ཐར་ལམ་མ་ཡིན་པར་འཛིན་པ་དང། དེ་ཡུལ་གྱི་གནས་ལུགས་ལ་ལོག་པར་ཞུགས་པར་འཛིན་པ་དང། དེས་སྡུག་བསྔལ་གཏན་ནས་ཟད་པར་བྱེད་མི་ནུས་པར་འཛིན་པའི་ཕྱིན་ཅི་ལོག་བཞིའི་གཉེན་པོར་བསྒོམ་པར་བྱ་པ་ལམ་གྱི་བདེན་པའི་རྣམ་པ་བཞི་སྟེ། འདི་ལྟར། བགྲོད་པར་བྱེད་པའི་དོན་གྱིས་ན་ལམ་དང། ཉོན་མོངས་པའི་གཉེན་པོ་བྱེད་པས་ན་རིགས་པ་དང། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་དོན་གྱིས་ན་སྒྲུབ་པ་དང། རྟག་པའི་གནས་སུ་གདོན་མི་ཟ་བར་ཕྱིན་པར་བྱེད་པས་དོན་གྱིས་ན་ངེས་འབྱིན་གྱི་རྣམ་པ་དང་བཞིའོ། །རྟག་པའི་གནས་ཞེས་པ་ནི་སླར་མི་ལྡོག་པའི་གནས་གྱི་དོན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |