15383

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངེས་འབྱུང་ (1)
Part of speech མིང་ཚིག
Definition མདོ། འགོག་བདེན་གྱི་ཁྱད་ཆོས་སུ་གྱུར་པའི་ངེས་འབྱུང་གི་རྣམ་པ་ནི་འཁོར་བ་ལས་རེ་ཞིག་ཐར་བ་ཡོད་ཀྱང་གཏན་དུ་ཐར་པ་མེད་པར་འཛིན་པའི་ལོག་རྟོག་གི་གཉེན་པོར་མདོ་ལས་གསུངས་ཞིང་འདི་ཐོབ་ནས་སླར་མི་ལྡོག་པའམ་ཉམས་པ་མེད་པས་ན་ངེས་འབྱུང་གི་རྣམ་པ་ཞེས་ཟེར་བ་ཡིན་ཏེ། དེ་ལྟར་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། འགོག་པའི་བདེན་པ་ནི་ལམ་བདེན་གྱིས་སྤང་བྱའི་ས་བོན་ཅི་རིགས་པར་སྤངས་པའི་བྲལ་བ་ཡིན་ལ། དེ་ལ་ཡང་ཐར་པ་གཏན་མེད་དུ་འཛིན་པ་དང། ཉོན་མོངས་མ་སྤངས་པའི་ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ་དང། སྡུག་བསྔལ་འགག་པ་ལས་ལྷག་པའི་ཐར་པ་ཡོད་པ་འཛིན་པ་དང་། རེ་ཞིག་ཐར་ཀྱང་གཏན་དུ་ཐར་པ་མེད་པ་འཛིན་པའི་སྒྲོ་འདོགས་བཞིའི་གཉེན་པོར་བསྟེན་པར་བྱ་བ་འགོག་པའི་བདེན་པའི་རྣམ་པ་བཞི་སྟེ། འདི་ལྟར། སྡུག་བསྔལ་སྤངས་པས་འགོག་པ་དང། ཉོན་མོངས་སྤངས་པས་ཞི་བ་དང། འདི་ལས་མཆོག་ཏུ་གྱུར་པའི་འདོད་ཆ་གཞན་མེད་པས་གྱ་ནོམ་པ་དང། དེ་འཐོབ་ནས་སླར་མི་ལྡོག་པས་ངེས་འབྱུང་གི་རྣམ་པ་དང་བཞིའོ། །ཞེས་གསུངས།
Domain ཆོས་ལུགས།