From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ངོ་ (1)
| Part of speech
|
མིང་ཚིག
|
| Definition
|
གདོང་གི་ངོས་ཏེ་ཁ་དང་མིག་སྣ་སོགས་ཡོད་ས།
|
| Keyword
|
True
|
| Example
|
ངོ་འཛུམ་གྱིས་ཁེངས་ནས་སྣེ་ལེན་བྱས་ལྟ་བུ།
|
ངོ་ (2)
| Part of speech
|
མིང་ཚིག
|
| Definition
|
དབང་འབྱོར་བརྩེ་བ་སོགས་ཀྱི་དོན་ཏེ།
|
| Example
|
མི་ངོ་ཆེན་ངོ་དེ་སེངྒེའི་ངོ་། །ངོ་མེད་ངོ་དེ་ལི་ལིའི་ངོ་། །ལྟ་བུ།
|
ངོ་ (3)
| Part of speech
|
མིང་ཚིག
|
| Definition
|
ཕྱི་ངོས་དང་གནས་གཞིའི་མིང་སྟེ།
|
| Example
|
དཔེ་ཆའི་ངོ་ལ་གཟིགས་རྒྱུ་མང་དྲགས་ན་རི་ངོ་ན་ཡོད་པའི་ནོར་ལུག་མི་མཐོང་ལྟ་བུ།
|
ངོ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
འདི་ཉིད་ཚིག་མཐར་སྦྱར་བས། སྐབས་བབ་ཀྱི་བརྗོད་དོན་དེ་ཉིད་རེ་ཞིག་རྫོགས་པར་སྟོན་ནུས་པས་རྫོགས་ཚིག་ལ་འཇུག་པ་ཟེར་ཞིང་། རྗོད་བྱེད་ཀྱི་ཚིག་གང་གི་རྗེས་སུ་སླར་ཡོང་རྒྱུའི་ཚིག་གྲོགས་དག་བསྡུས་པས་ན་སླར་བསྡུའང་ཟེར་ཏེ། སྦྱོར་ཚུལ་ནི་རྗེས་འཇུག་ང་ཡིག་གི་རྗེས་སུ་ངོ་སྦྱོར་དགོས།
|
| Keyword
|
True
|
| Example
|
བཟང་ངོ། ལས་དོན་རྣམས་ལེགས་གྲུབ་བྱུང་ངོ་ལྟ་བུ།
|