15457

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངོ་བསྟོད་ཀྱི་དཔེ་ (1)
Part of speech མིང་ཚིག
Definition སྙན་གཞུང་མེ་ལོང་མའི་དོན་རྒྱན་སོ་ལྔའི་ནང་གསེས་གཉིས་པ་དཔེ་རྒྱན་ལ་སོ་གཉིས་ཀྱི་ནང་གསེས་ཉེར་གཅིག་པ་སྟེ། དཔེ་ཅན་ལ་བསྔགས་པར་འོས་པའི་ཁྱད་ཆོས་ཀྱི་ཆ་ཤས་ཙམ་ལྡན་པ་དང་། དཔེ་ལ་ཁྱད་ཆོས་དེ་ཉིད་ཡོངས་སུ་རྫོགས་པར་ཚང་བ་ཞིག་ཡིན་མོད་ཀྱང་། དཔེ་ཅན་དེ་ཉིད་ཁྱད་ཆོས་ཀྱི་ཆ་ཤས་ཙམ་ལྡན་པའི་ཆ་ནས་དམན་པ་མ་ཡིན་ལ། དཔེ་དེ་ཁྱད་ཆོས་ཡོངས་སུ་རྫོགས་པར་ཚང་བའི་ཆ་ནས་དཔེ་ཅན་ལས་ལྷག་པ་ཡང་མིན་པར་དཔེ་དང་དཔེ་ཅན་གཉིས་ཀ་ཡོན་ཏན་གྱི་ཆ་ནས་མཚུངས་སོ་ཞེས་བརྗོད་པ་ཞིག་སྟེ།
Example བོད་མཁས་པས། འཆི་མེད་དབང་བོ་ལྟ་བྱེད་སྟོང་ཕྲག་གིས། །རྣམ་པར་བརྒྱན་ཅིང་ས་གཞི་སྐྱོང་བ་ཁྱོད། ། ཡངས་པའི་འདྲེན་བྱེད་ཟུང་ཞིག་མངའ་ཡང་དེང་། །སྐྱེ་དགུའི་སྤྱོད་མཐའ་གཟིགས་ལ་མཚུངས་པ་ཉིད། །ཅེས་པ་ལྟ་བུ།
Domain རྩོམ་རིག