From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ངོ་བོ་ཉིད་ཀྱི་དགེ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། འདོད་ཆགས་མེད་པ་ལ་སོགས་པའི་དགེ་བའི་རྩ་བ་གསུམ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དག་ནི། མཚུངས་ལྡན་དང་ཀུན་སློང་ལ་མི་ལྟོས་པས་འཕྲོད་པའི་སྨན་ལྟར་བདག་སྟེ་ངོ་བོ་ཉིད་ཀྱིས་དགེ་བའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས། སེམས་བྱུང་མ་ཆགས་པ་སོགས་དགེ་བའི་རྩ་བ་གསུམ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམས་དང་། དེས་མཚོན་ནས་དགེ་བ་བཅུ་གཅིག་གི་ནང་ཚན་དད་པ་དང་བག་ཡོད་སོགས་གཞན་ཡང་ངོ་བོ་ཉིད་ཀྱི་དགེ་བ་ཡིན་ཏེ། གྲོགས་དང་ཀུན་སློང་སོགས་ལ་མ་ལྟོས་པར་རང་གི་ངང་གིས་དགེ་བར་སྐྱེས་པའི་ཕྱིར། དཔེར་ན་འཕྲོད་པའི་སྨན་བཞིན་ནོ་ཞེས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
ངོ་བོ་ཉིད་ཀྱི་དགེ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
དད་སོགས་དགེ་བའི་སེམས་བྱུང་བཅུ་གཅིག་སྟེ། དགེ་བའི་རྩ་བ་གསུམ་དང་ངོ་ཚ་ཁྲེལ་ཡོད་པ་རྣམས་ནི་ཀུན་སློང་ལ་མི་བལྟོས་པའི་ཕྱིར་བདག་ཉིད་ཀྱིའམ་ངོ་བོ་ཉིད་ཀྱི་དགེ་བ་སྟེ་འཕྲོད་པའི་སྨན་བཞིན་ནོ། །
|