From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ངོ་བོ་ཉིད་ཀྱི་མི་དགེ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། མི་དགེ་བའི་རྩ་བ་གསུམ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་རྣམས་ནི་མི་འཕྲོད་པའི་སྨན་ལྟར་ངོ་བོ་ཉིད་ཀྱིས་མི་དགེ་བའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས། མི་དགེ་བའི་རྩ་བ་གསུམ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པའི་སེམས་བྱུང་ནི། ངོ་བོ་ཉིད་ཀྱི་མི་དགེ་བ་ཡིན་ཏེ། གྲོགས་དང་ཀུན་སློང་སོགས་གཞན་ལ་མི་ལྟོས་པར་རང་གི་ངང་གིས་མི་དགེ་བར་ངེས་པའི་ཕྱིར། མི་འཕྲོད་པའི་སྨན་བཞིན་ནོ་ཞེས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
ངོ་བོ་ཉིད་ཀྱི་མི་དགེ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
མི་དགེ་བ་བཞིའི་ནང་གསེས་ཤིག་སྟེ། མི་དགེ་བའི་རྩ་བ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་རྣམས་ནི་ངོ་བོ་ཉིད་ཀྱིས་མི་དགེ་བའོ། །
|