1547

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀིརྟི་སྐུ་ཕྲེང་དང་པོ་རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་ (1)
Part of speech མིང་ཚིག
Definition སྐྱབས་མགོན་ཀིརྟི་སྐུ་ཕྲེང་དང་པོ་རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་མཆོག་ནི། བོད་རབ་བྱུང་དྲུག་པའི་ཤིང་སྟག ཕྱི་ལོ་ ༡༣༧༤ ལོར་མདོ་སྨད་བཞག་ཤོད་ཅེས་པའི་སར་ཡབ་ཀླུ་འབུམ་དང་ཡུམ་ཨ་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང༌། ལྗགས་མདོག་སྔོན་པོ་དང་དབུས་སུ་ཨ་ཡིག་དཀར་པོ་ཤིན་ཏུ་གསལ་བ་ཞིག་ཡོད་པས་ལྗགས་ནག་པ་ཞེས་ཡོངས་སུ་གྲགས། ས་སྦྲུལ། ཕྱི་ལོ་ ༡༣༨༩ ལོར་དབུས་སུ་བྱོན་ཏེ་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ཞབས་ལ་གཏུགས། རྗེ་ཡབ་སྲས་ཀྱི་མདུན་ནས་དགེ་ཚུལ་སློང་གི་བསླབ་སྡོམ་རིམ་པར་བཞེས་ཤིང་། རྒྱུད་སྡེ་མང་པོའི་དབང་ལུང་ཁྲིད་གསུམ་དང༌། བསྐྱེད་རྫོགས་ཀྱི་གཟབ་བཤད་གང་གནང་གསན་པ་བཞིན་ཐུགས་ལ་འཁྲུངས་པས་རོང་པོ་མཁས་ གྲུབ་ཆེན་པོ་དགེ་འདུན་རྒྱལ་མཚན་ཞེས་སྙན་པའི་གྲགས་པ་ཕྱོགས་སུ་ཁྱབ་སྟེ་མདོ་རོང་མཁས་པ་མི་བཞིའི་ཡ་གྱལ་དང་། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན་དུ་གྱུར། རྗེའི་མཛད་ཆེན་བཞིའི་ཡ་གྱལ་རྫིང་ཕྱིའི་བྱམས་པ་ཞིག་གསོ་དང་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་མཛད་པའི་སྐབས་སོ་སོར་གསེར་ཚོན་འབུལ་བ་སོགས་ཀྱི་དོ་དམ་ཞབས་ཞུ་དང་། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་སྐབས་ལག་གི་བླ་སྟེ་ ཕྱག་མཛོད་ལྟ་བུར་མཛད་ནས་འགན་གཙོ་བོར་བཞེས། ལྕགས་ཡོས། ཕྱི་ལོ་ ༡༤༡༡ ལོར་རང་ཡུལ་རྒྱལ་མོ་རོང་དུ་ཕྱིར་ཕེབས། ཕྱི་ལོ་ ༡༤༡༢ ཆུ་འབྲུག་ཟླ་བ་བཞི་པའི་ཚེས་གཅིག་ཉིན་ཚ་ཁོའི་ཀིརྟིའི་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་ཕྱག་བཏབ། རིམ་བཞིན་ཚ་ཁོ་དབོན་པོ་ངག་དབང་གྲགས་པས་ད་ཚང་དགོན་སོགས་ཕྱག་བཏབ་པའི་རབ་གནས་སུ་ཁོང་ཉིད་གདན་དྲངས་ཤིང་རྣམ་པ་གཉིས་ཐུགས་ཡིད་གཅིག་འདྲེས་སུ་གྱུར། བཙན་ལྷ་རྒྱལ་པོ་གཡུང་དྲུང་དཔལ་གྱིས་དབུ་བླར་མཆོད་དེ། སྨད་ཕྱོགས་ཀྱི་ཡུལ་གྲུ་གསུམ་ཕུལ་ནས་ལུགས་གཉིས་ཀྱི་མངའ་ཐང་དར་བའི་སྒོ་འཕར་ཕྱེས། དགུང་ལོ་དོན་བདུན་ལ་ཕེབས་སྐབས་ཕྱི་ལོ་ ༡༤༥༠ རབ་བྱུང་བརྒྱད་པའི་ལྕགས་རྟ་ལོའི་ས་ག་ཟླ་བའི་ཚེས་ཉེར་གཅིག་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད།
Synonyms རོང་པོ་ལྕེ་ནག་པ། རོང་ཆེན་ལྗགས་ནག་པ། དྲུང་ཆེན་དགེ་འདུན་རྒྱལ་མཚན།

{{#arraymap:ཀིརྟི་སྐུ་ཕྲེང་དང་པོ་རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་

|; |@@@ | | }}