15475
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ངོ་བོ་ཉིད་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་སྟེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། དེ་ལ་དཔལ་ཀུན་ཏུ་བཟང་པོ་ནི་ཆོས་ཀྱི་སྐུ་ཡིན་པས། དེའི་ཁྱད་པར་རམ་ངོ་བོ་ཉིད་ནི་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་ཀྱི་དོན་ནི། ངོ་བོ་ཉིད་ཀྱི་སྐུའོ། །ཞེས་དང་། ཉིད་ལས་འབྱུང་བའི་སྐུ་ལྔར་གསུངས་པའི་ཆོས་ཐམས་ཅད་ཀྱི་དབྱིངས་དང་། ཐ་མི་དད་པའི་ཆོས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་པོ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ནི། ཆོས་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ལ་ནི། ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ། ཞེས་དང་། ངོ་བོ་ཉིད་ཀྱི་སྐུ་ནི་སངས་རྒྱས་ཐམས་ཅད་དང་དེ་བཞིན་ཉིད་དུ་ཚུལ་གཅིག་གོ ། ཞེས་གསུངས། |
| Domain | [ཆོས་ལུགས།, ལྟ་གྲུབ།] |