15480

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངོ་བོ་ཉིད་མཚན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ལམ་ཤེར་ཕྱིན་གྱི་རྣལ་འབྱོར་དེ་བྱང་སེམས་ཀྱི་སྦྱོར་བའི་ངོ་བོ་ཇི་ལྟ་བ་བཞིན་དུ་མཚོན་པར་བྱེད་པའི་སྦྱོར་བ་ཞིག་ལ་ངོ་བོ་ཉིད་མཚན་ཞེས་བརྗོད། ཇི་ལྟར་མཚོན་ཚུལ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། དེ་ལྟར་ན་མཚན་ཉིད་བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་བཞེད་དེ། སྔར་བཤད་པ་དེ་ལྟར་ན་སྦྱོར་བའི་ངོ་བོ་ཉིད་བཅུ་དྲུག་གིས་ཚ་རེག་གིས་མེ་མཚོན་པ་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་ཤེས་ཁྱད་བྱེད་པ་གསུམ་གྱི་མཚན་ཉིད་དང་ལྡན་པ་བཞིན་དུ་མཚོན་པས་ནའོ། །ཞེས་གསུངས། དབྱེ་ན་ངོ་བོ་ཉིད་མཚན་བཅུ་དྲུག་ཡོད། ས་མཚམས་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད།
Domain ཆོས་ལུགས།