15489

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངོ་བོ་ཉིད་སྐུ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སྐུ་བཞིའི་ནང་གསེས་ཞིག དེའི་མཚན་ཉིད་དང་དབྱེ་བ་ནི། པཎ་ཆེན་གྱི་ཕར་ཕྱིན་མཐའ་དཔྱོད་ལས། རང་ལུགས་ནི། དག་པ་གཉིས་ལྡན་གྱི་ཆོས་ཉིད་ཀྱི་སྐུ། ངོ་བོ་ཉིད་སྐུའི་མཚན་ཉིད། དེ་ལ་དབྱེ་ན། རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་དང་། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་གཉིས་ཡོད། ཁོ་ན་རེ། མཚན་ཉིད་དེ་མི་འཐད་དེ། ངོ་བོ་ཉིད་སྐུ་ཡིན་ན། ཆོས་ཉིད་ཡིན་པས་མ་ཁྱབ་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ཆོས་ཉིད་ཀྱི་སྐུ་ཡིན་ན། ཆོས་ཉིད་ཡིན་པས་མ་ཁྱབ་པའི་ཕྱིར། དེར་ཐལ། གཟུགས་ཀྱི་སྐུ་ཡིན་ན། གཟུགས་ཡིན་པས་མ་ཁྱབ་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ངོ་བོ་ཉིད་སྐུ་

|; |@@@ | | }}

ངོ་བོ་ཉིད་སྐུ་ (2)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་སྐུ་བཞིའི་ནང་ཚན་ཞིག་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པའི་སྤངས་པ་མཐར་ཐུག་པ་ཞིག་ལ་ཟེར། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། སྒྲིབ་གཉིས་ཟད་པར་སྤངས་པའི་བྲལ་བ་དེ། ངོ་བོ་ཉིད་ཀྱི་སྐུའི་མཚན་ཉིད་དུ་བྱ་སྟེ། ལུགས་འདི་ལ་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་བཞག་ཏུ་མེད་པའི་ཕྱིར་རོ། །དེ་ཡོད་ན། རྣམ་མཁྱེན་གྱི་ཆོས་ཉིད་དེ་དེ་ཡིན་དགོས་པ་ལས་དེ་མི་འཐད་པའི་ཕྱིར་ཏེ། གཟུགས་འཛིན་པའི་རྣམ་མཁྱེན་གྱི་ཆོས་ཉིད་དེ་གཟུགས་ཀྱི་ཆོས་ཉིད་དུ་བྱ་དགོས་པའི་ཕྱིར་ཏེ། གཟུགས་འཛིན་ཚད་མའི་ཆོས་ཉིད་དེ་གཟུགས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། འོག་ཏུ་འཆད་དོ། །ཞེས་གསུངས་སོ། །གྲུབ་མཐའ་གོང་མ་རྣམས་ཀྱིས་ནི། དག་པ་གཉིས་ལྡན་གྱི་ཆོས་ཉིད་སྐུ་ཞིག་ལ་འཇོག

{{#arraymap:ངོ་བོ་ཉིད་སྐུ་

|; |@@@ | | }}

ངོ་བོ་ཉིད་སྐུ་ (3)
Part of speech མིང་ཚིག
Definition རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་འགྲེལ་ལས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་དག་པའི་ཆར་གྱུར་པའི་དབྱིངས་མཐར་ཐུག་ལ་ངོ་ཉིད་སྐུ་ཟེར་བ་ཡིན་ཏེ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་དགའ་བྱང་ཡིག་ཆ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དོན་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ་བློ་གསལ་གྱི་མགུལ་རྒྱན་ལས། དེས་ན་དག་པ་གཉིས་དང་ལྡན་པའི་དབྱིངས་མཐར་ཐུག ངོ་བོ་ཉིད་སྐུའི་མཚན་ཉིད། ཅེས་གསུངས་པའི་ཕྱིར།

{{#arraymap:ངོ་བོ་ཉིད་སྐུ་

|; |@@@ | | }}

ངོ་བོ་ཉིད་སྐུ་ (4)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ངོ་བོ་ཉིད་སྐུ་ཆོས་ཅན། ཁྱད་ཆོས་རྣམ་པ་གསུམ་དང་ལྡན་པ་ཡིན་ཏེ། ངོ་བོའི་ཁྱད་པར་བདེན་པར་མེད་པ། སྤངས་པའི་ཁྱད་པར་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པ། ཡོན་ཏན་གྱི་ཁྱད་པར་ཟག་མེད་ཡེ་ཤེས་སྡེ་ཚན་ཉེེར་གཅིག་རང་གི་ཡོན་ཏན་དུ་ལྡན་པའི་ཕྱིར། སྒྲིབ་གཉིས་མ་ལུས་པར་སྤངས་པའི་ཆོས་ཉིད་ཀྱི་སྐུར་དམིགས་པ་དེ། ངོ་བོ་ཉིད་སྐུའི་མཚན་ཉིད། དེ་ལ་དབྱེ་ན། རང་བཞིན་རྣམ་དག་གི་ཆར་གྱུར་པའི་དེ་དང༌། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་གཉིས་སུ་ཡོད། མཚན་གཞི་རིམ་པ་བཞིན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཆོས་ཉིད་དང་པོ་དང༌། དེའི་རྒྱུད་ཀྱི་སྒྲིབ་གཉིས་མ་ལུས་པར་སྤངས་པའི་སྤངས་པ་གཉིས་པ་ཡིན་ནོ། ས་མཚམས་ནི། སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ། །

{{#arraymap:ངོ་བོ་ཉིད་སྐུ་

|; |@@@ | | }}

ངོ་བོ་ཉིད་སྐུ་ (5)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། ཁྱད་ཆོས་གསུམ་དང་ལྡན་པའི་ཆོས་ཉིད་ཀྱི་སྐུ་དེ་ངོ་བོ་ཉིད་སྐུའི་མཚན་ཉིད་ཡིན་ཅིང༌། ཁྱད་ཆོས་གསུམ་ནི། སངས་རྒྱས་ཀྱི་སའི་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཐོབ་པའི་ཁྱད་པར། སྒྲིབ་གཉིས་སྤངས་པའི་ཁྱད་པར། ངོ་བོ་བདེན་པས་སྟོང་པའི་ཆོས་ཉིད་ཡིན་པའི་ཁྱད་པར་རྣམས་དང་ལྡན་པ་ལ་བྱེད་པ་ཡིན་ཏེ། འདི་ཉིད་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཞེས་སོགས་གསུངས་པའི་ཕྱིར། ངོ་བོ་ཉིད་སྐུ་ལ་དབྱེ་ན། རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་དང༌། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་གཉིས་ཡོད་ཀྱང་དེ་གཉིས་དོན་གཅིག་སྟེ། ངོ་བོ་ཉིད་སྐུ་དེ་ཆོས་ཉིད་ཡིན་པའི་ཆ་ནས་རང་བཞིན་རྣམ་དག་གི་ཆར་གྱུར་པའི་དེར་བཞག སྒྲིབ་གཉིས་སྤངས་པའི་ཆ་ནས་གློ་བུར་རྣམ་དག་གི་ཆར་གྱུར་པའི་དེར་བཞག་པ་ཡིན་པའི་ཕྱིར། དེ་ཆོས་ཉིད་ཡིན་དེ། དེ་མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱི་ཚད་མའི་རྙེད་དོན་ཡིན་པའི་ཕྱིར་ཏེ། ངོ་བོ་ཉིད་སྐུ་འཆད་པ་ན། སློབ་དཔོན་ཡེ་ཤེས་སྙིང་པོའི་དབུ་མ་བདེན་གཉིས་ལས། རིག་པའི་རྗེས་འབྲང་ངོ་བོའི་ཕྱིར། ཞེས་གསུངས་པའི་ཕྱིར།

{{#arraymap:ངོ་བོ་ཉིད་སྐུ་

|; |@@@ | | }}