15494

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངོ་བོ་ཉིད་སྐུའི་ཁྱད་ཆོས་གསུམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ངོ་བོ་ཉིད་སྐུའི་ཁྱད་པར་འཕགས་ཆོས་ཀྱི་ཡོན་ཏན་གསུམ་སྟེ། པཎ་ཆེན་གྱི་ཕར་ཕྱིན་རྩ་ཊཱིཀ་ལས། ཐུབ་པའི་ངོ་བོ་ཉིད་ཀྱི་སྐུ་ནི་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་ཏེ། ཟག་པ་མེད་པའི་ཆོས་སྡེ་ཚན་ཉེར་གཅིག་པོ་གང་དག་ཐོབ་པར་གྱུར་པ་ལྡན་པའི་ཁྱད་པར། སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམ་པ་ཀུན་ཏུ་རྣམ་པར་དག་པ་བྲལ་བའི་ཁྱད་པར། ཟག་པ་མེད་པའི་ཡེ་ཤེས་དེ་དག་གི་རང་བཞིན་བདེན་པས་སྟོང་པའི་མཚན་ཉིད་ཅན་ངོ་བོའི་ཁྱད་པར་ཏེ་གསུམ་དང་ལྡན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།