15498

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངོ་བོ་ཉིད་སྟོང་པ་ཉིད་ (1)
Part of speech མིང་ཚིག
Definition གཟུགས་དང་སྒྲ་ལ་སོགས་པའི་ཆོས་ཉིད་དེ་ལ་དངོས་པོ་མེད་པ། འདུ་འཕྲོད་ལས་བྱུང་བའི་ཆོས་རྣམས་རང་དབང་དུ་མི་སྐྱེ་སྟེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་པས་ངོ་བོ་ཉིད་མེད་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། དངོས་པོ་མེད་པར་རྟོགས་པའི་མཐོང་བ་དང་ཤེས་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ། མཐོང་བ་དང་ཤེས་པ་འདི་གཉིས་ཀ་ཡང་མཐོང་བས་ཀྱང་མ་བྱས་ཤེས་པས་ཀྱང་མ་བྱས་ཏེ་རང་བཞིན་གྱིས་སྟོང་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །
Domain ཆོས་ལུགས།