15507
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། གཟུགས་སོགས་སྣང་བ་འདི་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་མ་གང་རུང་དང་བྲལ་བའི་ཕྱིར། ཆོས་ཅན་ནི། དབུ་མ་པ་དང་དངོས་སྨྲ་བ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་གཟུགས་སོགས་སྣང་བ་ཙམ་ཆོས་ཅན་དུ་འཛིན་གྱི། བདེན་གྲུབ་ཀྱིས་ཁྱད་པར་དུ་བྱས་པ་དང་། བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྣང་བ་ཆོས་ཅན་དུ་མི་འཛིན་ཏེ། ཤེས་འདོད་ཆོས་ཅན་ཡིན་ན་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་དགོས་པའི་ཕྱིར། བསྒྲུབ་བྱའི་ཆོས་ནི། བདེན་མེད་སྒྱུ་མ་ལྟ་བུ་ལ་འདོད་པ་དང། བདེན་པ་བཀག་ཙམ་གྱི་མེད་དགག་ལ་འདོད་པ་གཉིས་ལས། དང་པོ་མི་འཐད་དེ། མཐར་ཐུག་དཔྱོད་པའི་རིག་ངོར་ཡོངས་གཅོད་དུ་གྲུབ་པའི་ཆོས་མེད་པའི་ཕྱིར། དེས་ན་ཕྱི་མ་ཁོ་ནའོ། །གཏན་ཚིགས་ཀྱི་དོན་ནི། བདེན་པའི་གཅིག་དང་དུ་མ་གང་རུང་དང་བྲལ་བ་གཏན་ཚིགས་ཀྱི་དོན་ཡིན་ཏེ། འདིར་བདེན་པ་འགོག་པའི་སྐབས་ཡིན་པའི་ཕྱིར། ཐ་སྙད་གཅིག་དང་དུ་མ་གང་རུང་དང་བྲལ་བ་གཏན་ཚིགས་ཀྱི་དོན་མིན་དེ། དེ་ལྟར་ན་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། ། |
| Domain | ཆོས་ལུགས། |