15520

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངོ་མཚར་གྱི་འདུ་ཤེས་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་དགེ་བའི་རྩ་བ་ཐམས་ཅད་ལ་མི་དགེ་བ་འདུ་ཤེས་པ། དགེ་བ་ཐམས་ཅད་ལ་བྱང་ཆུབ་ཀྱི་ས་བོན་དུ་འདུ་ཤེས་པ། སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སྣོད་དུ་འདུ་ཤེས་པ། སྨོན་ལམ་ཐམས་ཅད་ལ་སྨོན་ལམ་མེད་པར་འདུ་ཤེས་པ། ཆོས་ཐམས་ཅད་ལ་འབྱུང་བར་འདུ་ཤེས་པ། སྤྱོད་པ་ཐམས་ཅད་ལ་སྤྱོད་པ་མེད་པར་འདུ་ཤེས་པ། ཆོས་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་སུ་འདུ་ཤེས་པ། ཚིག་ཏུ་བརྗོད་པ་ཐམས་ཅད་ལ་ངག་གི་ལམ་མེད་པར་འདུ་ཤེས་པ། སངས་རྒྱས་ཐམས་ཅད་ལ་ཕར་འདུ་ཤེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གཉིས་སུ་མེད་པར་འདུ་ཤེས་པའོ། །
Domain ཆོས་ལུགས།