15523
Dictionaries | Monlam Grand <
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྙན་གཞུང་མེ་ལོང་མའི་དོན་རྒྱན་སོ་ལྔའི་ནང་གསེས་བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ལ་བཞིའི་ནང་གསེས་བཞི་བ་སྟེ། བརྗོད་པར་འདོད་པའི་དོན་གྱི་ཁྱད་ཆོས་གཅིག་གཙོ་བོར་བྱས་ནས། དེའི་ཁྱད་དུ་འཕགས་པའི་ཡོན་ཏན་གྱི་ཚད་འདི་ཙམ་ཞེས་དཔག་པར་མི་ནུས་པ་ལྟ་བུར་འུད་ཆེན་པོའི་སྒོ་ནས་བསྔགས་པ་བརྗོད་པ་ཞིག་ཡིན་ཏེ། |
Example | བོད་མཁས་པས། རྣམ་འདྲེན་ཁྱོད་ཐུགས་བསླབ་གསུམ་རིན་པོ་ཆེའི། །ཡོན་ཏན་ཕུང་པོས་མངོན་པར་ཁེངས་པའི་ལྗིད། ། གཡོ་མེད་འདེགས་པར་བཟོད་པའི་ནོར་འཛིན་མ། །ཆུ་གཏེར་ཀློང་དུ་མ་བྱིང་ངོ་མཚར་ཆེ། །ཞེས་པ་ལྟ་བུ། |
Domain | རྩོམ་རིག |