15532

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངོ་མཚར་རྩ་བདུན་ (1)
Part of speech མིང་ཚིག
Definition མི་ནད་མེད་ཀྱི་རྩའི་འཕར་ཚུལ་ལ་བརྟེན་ནས་ལྐོག་གྱུར་གྱི་དོན་རྣམས་གསལ་བར་ལུང་སྟོན་ནུས་པའི་རྩ་བརྟག་ཐབས་བདུན་ཏེ། ཕྱི་མ་འཕྲིན་ལས་རྒྱུད་ལས། ངོ་མཚར་རྩ་བདུན་ཁྱིམ་ཕྱྭ་མགྲོན་ཕྱྭ་དང། དགྲ་ཕྱྭ་གྲོགས་ཕྱྭ་གདོན་ཕྱྭ་བརྟག་པ་དང། མེ་ཆུ་གོ་ལྡོག་བུ་རྩ་བརྟག་པའོ། །ཞེས་གསུངས་པ་ལྟར། ཁྱིམ་ཕྱྭ་དང༌། མགྲོན་ཕྱྭ། དགྲ་ཕྱྭ། གྲོགས་ཕྱྭ། གདོན་ཕྱྭ། མེ་ཆུ་གོ་ལྡོག་བུ་རྩ་བཅས་སོ། །