15553

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངོ་ཚ་ཤེས་པ་ (1)
Part of speech མིང་ཚིག
Definition མངོན་པ། ངོ་ཚ་ཤེས་པ་ཞེས་པ་ནི། རང་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ངོ་ཚ་ཤེས་པ་གང་ཞེ་ན། བདག་ཉིད་ལས་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ། ཉེས་པར་སྤྱོད་པ་ལེགས་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས།
Domain ཆོས་ལུགས།
ངོ་ཚ་ཤེས་པ་ (2)
Part of speech མིང་ཚིག
Definition ངོ་ཚ་མེད་པའི་ལྡོག་ཕྱོགས་ཏེ། ཡོན་ཏན་དང་ཡོན་ཏན་ཅན་ལ་གུས་བཀུར་བ་དང་བཅས་པ་ཉིད་དང་། འཇིགས་པས་དབང་བསྒྱུར་བ་དང་བཅས་པ་ཉིད་དོ། །དེའི་ལས་ནི་ཉེས་སྤྱོད་སྡོམ་པའོ། །