1558

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀིརྟིའི་བླ་བྲང་ (1)
Part of speech མིང་ཚིག
Definition ཀིརྟིའི་ནང་བ། ཀིརྟིའི་ནང་ཆེན། ཀིརྟིའི་བླ་བྲང་། ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ཞེས་སོགས་མིང་གི་འབོད་སྲོལ་འགའ་ཞིག་ཡོད། སྤྱིར་བླ་བྲང་ཞེས་པ་བླ་མའི་བཞུགས་གནས་ཀྱི་མིང་ཡིན་ནའང་། ཀིརྟིའི་བླ་བྲང་ནི་ཀིརྟི་ཚང་གི་བཞུགས་གནས་ཙམ་གྱི་དོན་མིན་པར། ས་གནས་ཀྱི་བླ་མའི་གཞུང་ཞིག་ལ་གོ་བ་ཡིན། ས་གནས་སྲིད་གཞུང་ཞིག་གི་ངོ་བོར་གྱུར་པའི་ཀིརྟིའི་བླ་བྲང་དེ་ནི་ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱི་སྐུ་དུས་ཙམ་ནས་བྱུང་ཞིང་། སྐབས་དེར་ཀིརྟི་ཚང་ལ་ས་གནས་ཀྱི་སྲིད་དབང་བྱུང་བའི་རྒྱུ་མཚན་གཙོ་བོ་ནི། སི་ཁྲོན་ཕྱོགས་ཀྱི་རྒྱ་གཞུང་ཞིག་གིས་ཀིརྟི་ཚང་ལ། ཁྱེད་ཀིརྟི་བླ་མ་ནི་ཆོས་ཀྱི་མཁྱེན་རྒྱ་ཆེ་ཞིང་གྲུབ་པ་བརྙེས་པས་ཕྱི་འབྲོག་པ་ཉེ་རིང་ཀུན་དད་ཅིང་བཀའ་ལ་བརྩི་བས། སྔོན་ནས་ཕྱི་འབྲོག་གི་གྱོད་སྣ་ཁ་མཆུ་མང་པོ་བསྡུམས་ནས་བདེ་ལ་བཀོད་པས། ཞེས་སོགས་ཀྱི་རྒྱུ་མཚན་དང་འབྲེལ་ནས་སྟོད་ཕྱོགས་ལྔ་བཅུ་རྩ་གཅིག་གི་དབུ་བླར་བཀུར་ཏེ། ས་གནས་དེ་དག་ལ་དབང་བསྒྱུར་ཆོག་པའི་ཆབ་སྲིད་ཀྱི་དབང་ཚད་ཡོད་པའི་བཀའ་ཤོག་དང་། ཐེལ་ཐམ་ག ས་གནས་སྲིད་གཞུང་ཡིན་པའི་མཚོན་རྟགས་དུ་མ་སོགས་ཆེ་བསྟོད་གུས་བཀུར་གྱི་ཚུལ་དུ་ཕུལ་བ་ནས་བཟུང་ཀིརྟིའི་བླ་བྲང་ནི་ཆོས་སྲིད་ཟུང་འབྲེལ་གྱི་ས་གནས་སྲིད་གཞུང་ཞིག་གི་ངོ་བོར་གྱུར། ཀིརྟིའི་བླ་བྲང་ལ་ས་གནས་སྲིད་གཞུང་གི་མཚོན་རྟགས་སུ་ནང་ཆེན་གྱི་ཕྱི་སྒོའི་གཡས་གཡོན་དུ་ཁྲིམས་ཤིང་དམར་པོ་གཉིས་དང་རྡོའི་སེངྒེ་གཉིས། ནང་དུ་བཙོན་ཁང་། ཕྱི་སྒོའི་མདུན་དུ་སྒོ་བཀག་གི་རྩིག་པ་རིང་པོ། ཚོམས་ཆེན་གྱི་བཞུགས་ཁྲིའི་ཐོད་དུ་ཁྲོའི་མེ་ཏོག ཕེབས་བྱམས་སྔོན་པོ། ཡུལ་དམག་གི་དྲག་པོའི་སྟོབས་ཤུགས་སོགས་ཡོད་ཅིང་། ནང་སྒོ་ལྟེ་བའི་དབྱིབས་སྒོར་མོ་ཡིན་པ་དང་། ལོ་སར་ཚེས་གཅིག་གི་ཞོགས་པར་བླ་བྲང་གི་སྒོ་འགྲམ་ནས་མེ་སྒྱོགས་ཆེན་པོ་གཉིས་འཕེན་སྲོལ་ཡོད་པ་བཅས་ནི་ས་གནས་ཀྱི་དཔོན་པོའི་ལུགས་ཤིག་ཡིན། ཀིརྟིའི་བླ་བྲང་གི་ཆོས་སྲིད་གཉིས་ཀྱི་སྐུ་དབང་ཆེ་ཤོས་བླ་ན་མེད་པ་ནི་སྐྱབས་མགོན་ཀིརྟི་ཚང་ཡིན་ལ། ཁོང་གི་འོག་ཏུ་ཆོས་ཕྱོགས་ནས་རྒྱལ་ཚབ་དང་ཡོངས་འཛིན། མཚན་ཞབས། དགོན་པའི་ཁྲི་པ་དང་མཁན་པོ། ཞལ་ངོ་སོགས་ཡོད་པ་དང་། སྲིད་ཕྱོགས་ནས་ཀིརྟིའི་དབོན་པོ་དང་། གཉེར་པ། ཕྱག་མཛོད། མགྲོན་གཉེར། ཐབ་ཆེན་ཇ་མ། ཤོག་ཀའི་འགོ་པ་དང་རྒན་པོ་སོགས་སྒྲིག་འཛུགས་ཀྱི་རིམ་པ་ཆ་ཚང་ཡོད། ཀིརྟིའི་བླ་བྲང་གི་གནས་གཞི་ལྟེ་བ་ནི་སྟག་ཚང་ལྷ་མོར་ཡོད་ལ། ས་གནས་གཞན་དུའང་ཡན་ལག་བླ་བྲང་ཁ་ཤས་ཡོད་པ་བཅས་འདས་ཟིན་པའི་ལོ་རྒྱུས་ཙམ་དང་། ད་ལྟ་ནི་དེའི་འགྲོ་ལུགས་ལ་ཡོངས་སུ་བསྒྱུར་བཅོས་ཀྱིས་ཀིརྟིའི་དགེ་རྩ་ཚོགས་པ་ཞེས་པ་ཆོས་ཕྱོགས་ཁོ་ནའི་སྒྲིག་འཛུགས་ཤིག་ཏུ་གྱུར་ཡོད།

{{#arraymap:ཀིརྟིའི་བླ་བྲང་

|; |@@@ | | }}