15630

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངོར་ཆེན་ཀུན་དགའ་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཆུ་ཁྱི་ཕྱི་ལོ་ ༡༣༨༢ ལོར་དཔལ་ས་སྐྱར་ཡབ་གྲུབ་པ་ཡོན་ཏན་དང་། ཡུམ་བསོད་ནམས་དཔལ་ལྡན་གཉིས་ཀྱི་སྲས་སུ་འཁྲུངས། དྲུག་པར་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ལས་ཡི་གེའི་འབྲི་ཀློག་སྦྱངས། དགུ་པར་ཡེ་ཤེས་རྒྱལ་མཚན་ལས་དགེ་བསྙེན་དང་། དགེ་ཚུལ་གྱི་སྡོམ་པ་བླངས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ལས་དགེ་སློང་དང་། བྱང་སེམས། གསང་སྔགས་ཀྱི་སྡོམ་པ་མནོས། ས་སྐྱའི་ལུགས་ཀྱི་ཆོ་ག་དང་། ཕྱག་ལེན་ཐམས་ཅད་ཐུགས་སུ་ཆུད། ཉེར་ལྔ་པར་ཤངས་ཆོས་འཁོར་སྒང་དུ་བྱོན། ལོ་ཙཱ་བ་སྐྱབས་མཆོག་དང་། ཞེ་དགོན་དུ་བྱོན་ནས་བུ་དྷཱ་ཤྲཱི་ལས་ཆོས་མང་དུ་གསན། ས་བཟང་དགོན་དུ་བྱོན་ནས་ས་བཟང་བླ་མ་གཞོན་ནུ་བློ་གྲོས་ལས་ཆོས་གསན། ཉེར་དགུ་པར་ས་བཟང་དགོན་པའི་གདན་ས་ལོ་བཅུ་དགུ་རིང་བསྐྱངས་མཛད། ཞེ་དགུ་པར་ན་བཟའ་ཕུག་རི་ཁྲོད་དང་། བསམ་གླིང་རི་ཁྲོད། ཨེ་རི་ཁྲོད་སོགས་སུ་ཕེབས། སྒྲུབ་པ་ཉམས་ལེན་མཛད། ཨེ་ཝཾ་རི་ཁྲོད་དུ་གཙུག་ལག་ཁང་དང་། ཐུབ་སྐུ་གསེར་ཞུན་མ། བཀའ་འགྱུར་གསེར་བྲིས་གསར་བཞེངས་མཛད། བཤད་གྲྭ་བཙུགས། ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་ས་བཏབ། རབ་བྱུང་བརྒྱད་པའི་མེ་བྱི་ལོ་ཕྱི་ལོ ༡༤༥༦ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ས་སྐྱའི་གདུང་རྒྱུད་བཞི་ཐོག་པ་ཀུན་དགའ་དབང་ཕྱུག་དང་། བདག་ཆེན་ཆུ་མིག་པ་བློ་གྲོས་དབང་ཕྱུག ངོར་མཁན་པོ་དཀོན་མཆོག་རྒྱལ་མཚན། གཞོན་ནུ་རྒྱལ་མཚན། དབང་ཕྱུག་གྲགས་བཟང་སོགས་ཡིན། གསུང་རྩོམ་ནི་རྡོ་རྗེ་རྣལ་འབྱོར་མའི་བསྟོད་པ་དང་། ཐོབ་ཡིག་རྒྱ་མཚོ། སྤྲིང་ཡིག་སློབ་མ་ལ་ཕན་པ་བཅས་ཨེ་ཝཾ་བཀའ་འབུམ་ཞེས་པོད་བཞི་བཞུགས།

{{#arraymap:ངོར་ཆེན་ཀུན་དགའ་བཟང་པོ་

|; |@@@ | | }}