15631

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་མེ་སྦྲུལ་ཕྱི་ལོ་ ༡༤༩༧ ལོར་གཙང་ས་སྐྱར་འཁྲུངས། གཞོན་དུས་ནས་བོད་ཡིག་གི་སྦྱོར་ཀློག་སོགས་སྦྱངས། བཅུ་གསུམ་པར་དཀོན་མཆོག་འཕེལ་གྱི་མདུན་ནས་དགེ་བསྙེན་དང་། དགེ་ཚུལ་གྱི་སྡོམ་པ་མནོས། མདོ་རྒྱུད་གཞུང་ལུགས་ཀུན་ལ་སྦྱངས། ངོར་པའི་གདན་ས་བཟུང། འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་བསྐྱངས། རབ་བྱུང་དགུ་པའི་ལྕགས་གླང་ཕྱི་ལོ་ ༡༥༤༡ ལོར་སྐུ་གཤེགས། གསུང་རྩོམ་ནི་རྗེ་དཀོན་མཆོག་ལ་བསྟོད་པ་སྒྲ་རྒྱན་མེ་ཏོག་དཀར་པོའི་ཕྲེང་བ་སོགས་སྙན་ངག་གི་སྐོར་དང་། ས་སྐྱའི་གདུང་རབས་ཡ་རབས་ཀྱི་ཁ་རྒྱན་སོགས་རྣམ་ཐར་ལོ་རྒྱུས་ཀྱི་སྐོར། སངས་རྒྱས་ཀྱི་བསྟན་པའི་རྩིས་མཁས་པའི་ཁ་རྒྱན་སོགས་བསྟན་རྩིས་ཀྱི་སྐོར། བྱ་སྤྱོད་སྤྱིའི་ཐིག་ཚོན་གྱི་ཆོ་ག་སོགས་སྒྲུབ་ཐབས་ཀྱི་སྐོར་བཅས་ཆོས་ཚན་སོ་དགུ་ཡོད་པའི་པོ་ཏི་གཅིག་བཞུགས།