15632
Dictionaries | Monlam Grand <
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཁྲུངས་ལོ་མི་གསལ། ཆུང་དུས་ནས་བཤེས་གཉེན་མང་པོ་བསྟེན། མཚན་ཉིད་སོགས་མདོ་ཕྱོགས་ཀྱི་ཆོས་ལ་ཤིན་ཏུ་མཁས། འབྲི་གུང་ཆོས་རྗེ་སྐྱོབ་པ་འཇིག་རྟེན་མགོན་པོར་རྩོད་པར་འབྲི་གུང་ལ་ཕེབས། ཞལ་མཇལ་ཙམ་གྱིས་དད་དེ། ཕྱག་བཙལ་ནས་བཤགས། ཆོས་རྗེ་སྐྱོབ་པ་ལས་ཟབ་རྒྱས་ཆོས་ཀྱི་གདམས་ངག་མ་ལུས་པར་ཞུས། སྒྲུབ་པ་ཉམས་ལེན་གྱིས་རྟོགས་པ་མངོན་དུ་གྱུར། ཁ་ཆེ་པཎ་ཆེན་ལས་ཀྱང་ཆོས་མང་དུ་གསན། བལ་བུ་གོང་བ་དགོན་པ་གསར་འདེབས་གནང་། དགེ་འདུན་མང་པོའི་ཚོགས་བསྐྱངས། འདས་ལོ་མི་གསལ། གསུང་རྩོམ་ནི་བསྟན་པའི་སྙིང་པོ་སོགས་བསྟན་བཅོས་འགའ་རེ་བཞུགས། འབྲི་གུང་ཆོས་རྗེ་སྐྱོབ་པ་འཇིག་རྟེན་མགོན་པོའི་སློབ་མ་རས་པ་བརྒྱད་ཀྱི་ཡ་གྱལ་ཡིན། མཚན་གཞན། བལ་བུ་གོང་བ། |