15634
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ས་སྐྱའི་གྲུབ་མཐའ་འཛིན་མཁན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སློབ་མ་དག་ནས་གྱེས་པ་སྟེ། དེའི་སློབ་མ་དཔལ་ལྡན་ཚུལ་ཁྲིམས། དེའི་སློབ་མ་བུདྡྷ་ཤྲཱི། དེའི་སློབ་མ་ངོར་པ་ཀུན་དགའ་བཟང་པོ་སྟེ། འདིས་ཨེ་ཝཾ་ཆོས་ལྡན་གྱི་དགོན་པ་བཏབ། ལམ་འབྲས་ཚར་བརྒྱད་ཅུ་གྱ་གསུམ། རྡོ་རྗེ་འཕྲེང་བའི་དབང་ཚར་དྲུག་ཅུ་ལྷག་གིས་མཚོན་དབང་ཁྲིད་མན་ངག་གནང་བ་གྲངས་ལས་འདས་ཤིང༌། བསྙེན་རྫོགས་ཀྱི་སྡོམ་པ་སྩལ་བའང་ཁྲི་ཕྲག་ལས་བརྒལ། འདུལ་ཁྲིམས་རྣམ་པར་དག་པས་སྐུ་ཚེ་ཧྲིལ་པོར་རྡོར་དཀར་སྟན་གཅིག་འབའ་ཞིག་མཛད། དམ་ཆོས་པདྨ་དཀར་པོ་སོགས་ལས་རྒྱལ་བའི་ལུང་གིས་ཟིན་པར་ཡང་གྲགས། ཁོང་ལ་སློབ་མ་ཡང་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ། གོ་ཤཱཀ་གཉིས། འབུམ་ཕྲག་གསུམ་པ། ཀུན་དགའ་ཆོས་བཟང་སོགས་མང་བ་ལས་གཙོ་བོ་ནི། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ཏེ། འདི་ལ་སློབ་མ་གཞན་ལ་མ་གསུངས་པའི་ལམ་འབྲས་ཀྱི་གནད་རྣམས་ལྐོག་ཆོས་སུ་གནང་བས། དེ་ནས་བཟུང་ལམ་འབྲས་ལ་ཚོགས་བཤད་དང་སློབ་བཤད་ཀྱི་རྣམ་གཞག་བྱེད་པའི་སྲོལ་བྱུང༌། གཞན་ཡང་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་བ་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་སོགས་རྒྱུད་འཛིན་རིམ་པར་བྱོན་པས་ངོར་ལུགས་ཞེས་གྲགས་པ་འདི་བྱུང་བ་ཡིན། |
| Domain | ཆོས་ལུགས། |