15652

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངྷཱི་ཚ་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ (1)
Part of speech མིང་ཚིག
Definition གྲྭ་ཚང་འདི་ནི་མདོ་སྨད་དཔའ་ལུང་རྫོང་ཁོངས་སུ་ཡོད། གྲུབ་མཐའ་དགེ་ལུགས་དང་ཡིག་ཆ་ཀུན་མཁྱེན་ཡིན། ཕྱི་ལོ་ ༡༨༨༧ ལོར་རྗེ་ཞྭ་དམར་པཎྡིཏ་དགེ་འདུན་བསྟན་འཛིན་རྒྱ་མཚོས་ཕྱག་བཏབ། དགོན་འདི་བྱ་ཁྱུང་དགོན་ལག་ཏུ་གཏོགས། ཕྱི་ལོ་ ༡༩༥༨ ལོར་རྒྱ་ནག་གིས་གཏོར་བཅོམ་བཏང་། ཕྱི་ལོ་ ༡༩༨༡ ལོ་ནས་ཡུལ་མིས་བསྐྱར་བཞེངས་བྱས། ད་ལྟ་དགེ་འདུན་ཞལ་གྲངས་ལྔ་བརྒྱ་ཙམ་གྱིས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གྱི་བགྱི་བ་ལྷུར་ལེན་པའི་སྐབས་ལགས་སོ། །