From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཅག་ཅག་ (1)
Part of speech
|
རྒྱན་ཚིག
|
Definition
|
ཟས་ལྡད་སྐབས་ཀྱི་སྒྲ་གྲགས་ཚུལ་ཞིག་སྟེ།
|
Example
|
མངའ་རིའི་པཎ་ཆེན་གྱིས་མཛད་པའི་སྡོམ་གསུམ་རྣམ་ངེས་ལས། ཅག་ཅག་ཧུ་ཧུ་ཕུ་ཕུ་ལྕེ་ཕྱུང་ཟ། །འབྲུ་ནས་གུད་ཕྱེ་ཟས་ལ་སྐྱོན་འཕྱ་དང་། །ཞེས་འབྱུང་བ་ལྟ་བུ།
|
ཅག་ཅག་ (2)
Part of speech
|
རྒྱན་ཚིག
|
Definition
|
ཕར་ཚུར་འགྲོ་བྱས་པའི་ཉམས་ཀྱི་མིང་སྟེ།
|
Example
|
སྒེའུ་སྟིང་གི་ཕོ་ཉ་གཞོན་ནུ་དོན་འགྲུབ་ལས། མ་གོམས་ཕྱིར་ན་གཡོས་སྦྱོར་སྣ་ཚོགས་ལ། །ལག་སོར་ཤིང་སྐམ་ཡལ་ག་ལྟར་གྱོང་བས། །སྨྲས་ཀྱང་སྲིག་སྲིག་མིག་དང་ཅག་ཅག་གི ། འདེགས་འགྱོགས་མང་པོས་ས་ལ་ངལ་བ་སྟེར། །ཞེས་འབྱུང་བ་ལྟ་བུ།
|