From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཅང་ཤེས་ (1)
| Part of speech
|
མིང་ཚིག
|
| Definition
|
སྟོབས་རྩལ་ཆེ་ཞིང་འཇིགས་པ་མེད་པའི་དོན་ཏེ། མདོ་དོན་ལྟ་བའི་མིག་འབྱེད་ལས། ཅང་ཤེས་པ་ཞེས་བྱ་བ་ནི་འཇིགས་པ་མེད་པ་སྟེ། འདི་ལྟར་ཐོག་འབབ་པ་སོགས་ཀྱི་གནོད་པའི་དོགས་པ་མེད་པས་ཁྱུ་མཆོག་ཅང་ཤེས་དང༌། འཐབ་མོའི་འཇིགས་པ་མེད་པས་རྟ་ཅང་ཤེས་དང་གླང་པོ་ཅང་ཤེས་སོ། །ཕ་རོལ་གྱི་གནོད་པའི་འཇིགས་པ་མེད་པས་སེང་གེ་ཅང་ཤེས་སོ། །འཆི་བའི་འཇིགས་པ་མེད་པས་དགྲ་བཅོམ་པ་ཅང་ཤེས་ཏེ་ཅང་ཤེས་རྣམ་པ་ལྔའོ། །ཞེས་གསུངས་པ་དང་། དེ་བཞིན་གཞན་ཡང༌སྤྲེའུ་ཅང་ཤེས་དང༌། དོམ་ཅང་ཤེས་སོགས་ཀྱང་ཡོད་པར་བཤད་པ་ཡོད་དེ།
|
| Example
|
འདུལ་བ་ལུང་རྣམ་འབྱེད་ལས། གླང་པོ་ཅང་ཤེས་དང༌། སྤྲེའུ་ཅང་ཤེས་དང༌། དོམ་ཅང་ཤེས་དག་ཡོད་ནས་དེ་དག་གིས་དགེ་སློང་རྣམས་ལ་ཤིང་ཏོག་དག་འབུལ་བ་ཞེས་འབྱུང་བ་ལྟར་ཅང་ཤེས་ལ་རིགས་མང་དུ་ཡོད་དོ། །
|
ཅང་ཤེས་ (2)
| Part of speech
|
མིང་ཚིག
|
| Definition
|
ཅི་ཡང་ཤེས་པ་ཞེས་པའི་བསྡུས་ཚིག
|
ཅང་ཤེས་ (3)
| Part of speech
|
མིང་ཚིག
|
| Definition
|
རྟ་མཆོག་སྟེ། ཤིན་ཏུ་སྤྱང་ཞིང་གྲུང་བ་མིའི་སྐད་ཉན་ནས་ཁ་ལོ་སྒྱུར་བར་བྱེད་པས་སོ། །
|
| Type
|
མངོན་བརྗོད།
|