15706

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅང་ཤེས་པ་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་འོད་སྲུང་གི་ལེའུ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ ལེགས་པར་ཐོས་པ་ཉན་ཅིང་དེ་ལ་ནན་ཏན་དུ་བྱེད་དེ། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ་ཡིན། ༢ གདམས་པ་རྗེས་སུ་མཐུན་པར་འཛིན་ཅིང་། བླ་མ་ལ་སྲི་ཞུ་བྱ་བར་ཚར་ཕྱིན་པ་ཡིན། ༣ ཚུལ་ཁྲིམས་དང་། ཏིང་ངེ་འཛིན་ལས་མ་ཉམས་ཏེ་ཅང་ཤེས་པས་ཟས་ཟ་བ་ཡིན། ༤ བྱང་ཆུབ་སེམས་དཔའ་འདུལ་བ་ཅང་ཤེས་རྣམས་མཐོང་ན་གུས་པ་དང་བཅས་ཤིང་ཞེ་ས་དང་བཅས་པར་དེ་ལ་གཞོལ། དེ་ལ་འབབ། དེ་ལ་བབ་ཅིང་། དེའི་ཡོན་ཏན་འདོད་པ་ཡིན་པའོ། །
Domain ཆོས་ལུགས།