15707
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་ཅང་ཤེས་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། ཅང་ཤེས་བརྟུལ་ཞུགས་ཆེན་པོ་ཡིས། །ཤེས་བྱ་ཀུན་ལ་འཇུག་པར་བྱ། །ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཅང་ཤེས་ནི་རྫུ་འཕྲུལ་མྱུར་མགྱོགས་དང་ལྡན་པ་ལྟར་དམ་ཚིག་བསྲུང་མཚམས་ཤེས་པས་ཐོགས་པ་མེད་པར་མཐར་ཕྱིན་པར་མཁས་ཤིང་ཤེས་བྱ་ཀུན་ལ་ཞུགས་ཏེ་གང་ཡང་སྐད་ཅིག་གིས་འགྲུབ་པར་བྱ་བའི་མྱུར་མགྱོགས་བརྩོན་འགྲུས་དྲག་པོའི་བརྟུལ་ཞུགས་ཏེ། ཞེས་གསུངས། |
| Domain | ཆོས་ལུགས། |