1579

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀཱིལཡ་བཅུ་གཉིས་ཀྱི་རྒྱུད་ (1)
Part of speech མིང་ཚིག
Definition རྙིང་མ། ཀཱིལཡ་བཅུ་གཉིས་ཀྱི་རྒྱུད་ནི། རྡོ་རྗེ་གཞོན་ནུ་ཕྲིན་ལས་ཀྱི་རྒྱུད་སྡེ་ལ། བཱིཏོཏམལ་འབུམ་སྡེ་ཕུར་པ་ཕའི་རྒྱུད་དང་། རྣལ་འབྱོར་དམ་པ་གསང་ཆེན་ཕུར་པ་མའི་རྒྱུད་དང་། ཀཱིལཡ་བཅུ་གཉིས་ཕུར་པ་གཉིས་ཀའི་རྒྱུད་བཅས་རྩ་བའི་རྒྱུད་སྡེ་གསུམ་དུ་བཞུགས་པའི་ཡ་གྱལ་གསུམ་པ་སྟེ། སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བབས་ལས། ཀཱིལཡ་བཅུ་གཉིས་ཀྱི་རྒྱུད་ལ༔ ཀཱིལཡ་དགོངས་པའི་རྒྱུད༔ ཕྱི་མ་རྫོགས་པའི་རྒྱུད༔ ཕྱི་མའི་ཕྱི་མ་ཕྲིན་ལས་ཀྱི་རྒྱུད་དོ༔ ཞེས་དང་། དེ་ལྟར་རྩ་བའི་རྒྱུད་སྡེ་གསུམ་ལ་ཡན་ལག་གི་རྒྱུད་སྡེ་དཔག་ཏུ་མེད་པ་རྣམས་ནི་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་སྐུར་སྤྲུལ་ནས་གསུངས་སོ༔ ཞེས་གསུངས།