15819

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅིག་ཆར་འཇུག་པ་ལམ་གྱི་གཞིར་བསྟན་པ་ཉེར་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། བྱང་ཆུབ་སེམས་ཀྱི་མཚན་ཉིད་བདུན་ཅུ་རྩ་གསུམ་གྱི་ནང་གསེས་ཏེ། ཀུན་དུ་ཁྱབ་པས་སྣང་བ་མེད་པ་དང། གར་ཡང་མ་སྦས་མཐོང་བ་མེད་པ་དང། ཡེ་ནས་མ་བྲལ་ངོ་མ་ཤེས་པ་དང། བརྟགས་ན་མ་མཐོང་ཅིར་ཡང་སྣང་བ་དང། སྣ་ཚོགས་སྣང་ཡང་དངོས་པོ་མེད་པ་དང། བསྐལ་པར་འཁྱམས་ཀྱང་སྟོང་བྲལ་མེད་པ་དང། སྣ་ཚོགས་བསྒོ་ཡང་འགྱུར་བ་མེད་པ་དང། རྡུལ་ཆ་མེད་པར་སྣང་སྲིད་ཁྱབ་པ་དང། སྟོང་པ་ཉིད་ལས་སྣ་ཚོགས་འབྱུང་བ་དང། དངོས་གཞི་མེད་པར་ཅིར་ཡང་བཏགས་ཆགས་པ་དང། བརྩལ་གནས་མེད་པར་ཅི་བསྒྲུབས་འགྲུབ་པ་དང། གཟུགས་མཚན་མེད་པར་ཅིར་བལྟས་སྣང་བ་དང། ཅི་ཡང་མེད་པར་ཅིར་ཡང་རིག་པ་དང། ཁྱབ་བདལ་འུབ་ཆུབ་གཅིག་མཐའ་ཡས་པ་དང། ཀུན་བྲལ་ཉག་གཅིག་ཅི་མ་སྤངས་པ་དང། ཕྱི་དང་ནང་མེད་ཀུན་དུ་ནང་ཉིད་དང། མཐའ་ཡས་བྱུང་ཡང་ཟད་པ་མེད་པ་དང། མ་བཟུང་མ་བརྟགས་གང་དུ་ཆགས་པ་ཉིད་དང། གདོས་པ་མེད་པར་རྟག་པར་ལྟུང་བ་དང། འདེགས་པ་མེད་པར་ནམ་མཁའ་ལ་འགྲོ་བ་དང། ཡན་ལག་མེད་པར་ས་རྣམས་བགྲོད་པ་དང། གར་ཡང་མ་གཡོས་ཀུན་དུ་ཕྱིན་པ་དང། བསྐྱོད་པ་མེད་པར་ཐོགས་མེད་མྱུར་བ་དང། ཐ་དད་སྤྲོས་ཀྱང་གཅིག་ལས་མ་གཡོས་པ་དང། གཅིག་ལས་མ་གཡོས་སྣ་ཚོགས་སྣང་བ་བཅས་ཉེར་ལྔའོ། །
Domain ཆོས་ལུགས།