15833

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅིར་ཡང་སྤྲུལ་བའི་མཆོད་རྟེན་བརྒྱ་ཉི་ཤུ་ (1)
Part of speech མིང་ཚིག
Definition བོན། སེམས་ཅན་རྣམས་ཀྱི་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཕྱིར་དུ། སྟོན་པ་གཤེན་རབ་མི་བོ་ནས་ཅིར་ཡང་སྤྲུལ་བའི་བཀྲ་ཤིས་དཔལ་དུ་འབར་བའི་མཆོད་རྟེན་བརྒྱ་དང་ཉི་ཤུར་བསྟན་ཏེ། གཟི་བརྗིད་པོད་བརྒྱད་པ་ལས། མཁའ་ལ་བཞུགས་དང་དོག་ལ་གནས། སྒྲིབ་གཉིས་བྱང་དང་ཚོགས་གཉིས་བསགས། བཀྲ་ཤིས་དཔལ་འབར་མཆོད་པའི་རྟེན། ཅིར་ཡང་སྤྲུལ་བ་བརྒྱ་ཉི་ཤུ། འགྲོ་བ་འདུལ་ཕྱིར་བསྟན་པའོ། ཞེས་སོ། །རྣམ་གྲངས་ནི། མཁའ་ལ་བཞུགས་པའི་མཆོད་རྟེན་ཉི་ཤུ་བཞི། དོག་ལ་གནས་པའི་མཆོད་རྟེན་ཉི་ཤུ་བཞི། སྒྲིབ་གཉིས་བྱང་བའི་མཆོད་རྟེན་ཉི་ཤུ་བཞི། ཚོགས་གཉིས་བསགས་པའི་མཆོད་རྟེན་ཉི་ཤུ་བཞི། བཀྲ་ཤིས་དཔལ་འབར་གྱི་མཆོད་རྟེན་ཉི་ཤུ་བཞི་བཅས་བརྒྱ་དང་ཉི་ཤུའོ། །ཞིབ་ཕྲ་གཟི་བརྗིད་པོད་བརྒྱད་པར་གཟིགས། དེ་ལ་ཀློང་དུ་ཅིར་ཡང་སྤྲུལ་བའི་མཆོད་རྟེན་བརྒྱ་དང་ཉི་ཤུ་ཞེས་ཀྱང་བྱའོ། །དཔེ་རིས་ནི། མཆོད་རྟེན་གྱི་དཔེ་རིས་བློ་གསར་མགུར་རྒྱན་ཞེས་པའི་དེབ་ལ་གཟིགས།
Domain ཆོས་ལུགས།