15835

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅིར་ཡང་སྤྲུལ་སྐུའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་དང་པོ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། རྫོགས་སྐུ་ཡོན་ཏན་ལྷུན་རྫོགས་ལ། སྤྲུལ་པ་འགྲོ་བ་ཐ་དད་འདུལ། ཅིར་ཡང་སྤྲུལ་སྐུའི་ཕྱག་རྒྱ་ཡིན། ཞེས་པས། དེའི་ཚིག་དོན་ནི། རྫོགས་སྐུ་ཉི་ཟླའི་སྙིང་པོ་ལྟ་བུ་གཅིག་ལས་སྤྲུལ་སྐུ་ཉི་ཟླའི་ཟེར་བཞིན་དུ་གདུལ་བྱ་ཐ་དད་ཇི་སྙེད་པའི་ངོར། མ་འགག་པར་སྐུའི་རྣམ་པ་སྣ་ཚོགས་སུ་བྱོན་ནས་འདུལ་བར་མཛད་པའི་དོན་ནོ། །
Domain ཆོས་ལུགས།