1588
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཏི་ཏི་ཀུ་ཀུའམ་བྱེའུ་ཏི་ཏི་མ་སྟེ། ཆེ་ཆུང་ཕུག་རོན་ཙམ་ལ་སྐད་ཕུ་ཕུ་ཟེར་ནས་འབྱིན་པའི་བྱ་རིགས་ཤིག་ཡིན། ལུས་སྟོད་ཀྱི་སྒྲོ་མདོག་བྱེ་མའི་མདོག་འདྲ་ཞིང་གཉའི་སྒྲོ་སྐྱ་བོ་ཡིན་པ། གཤོག་པའི་སྒྲོ་དང་རྒྱབ་ཀྱི་སྒྲོ་མདོག་ཕལ་ཆེར་མཚུངས་ཤིང༌། གཤོག་སྣེའི་སྒྲོ་རིང་ཐུང་གཉིས་ཀ་ཁམ་ནག་ལ་མཐའ་སྐྱ་བོ་དང༌། ལུས་སྨད་སེར་སྐྱ་ལ་ལྟོ་བ་སོགས་དཀར་རྐྱང་ཡིན་ཞིང༌། མཇུག་སྒྲོའི་ནང་མ་སྨུག་ཅིང་ཕྱི་མ་དཀར་པོ། གཤོག་རྩལ་ཞན་པས་མཐོན་པོར་འཕུར་མི་ཐུབ་ཅིང་ཐག་རིང་ལའང་འཕུར་མི་ཐུབ། རྒྱུན་དུ་ས་བབ་མཐོ་བའི་གནས་སུ་ཨ་བྲ་དང་རི་བོང་གི་ཚང་ཡིན་པའི་ས་དོང་དང་དེའུ་འབུར་སྟེང་དུ་བབས་ཤིང༌། ཟས་སུ་སྲིན་འབུའི་རིགས་ཟ་བ་ཡིན། |