15886
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་ཅེ་སྤྱང་ཁྲ་ཡི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། ཅེ་སྤྱང་ཁྲ་ཡི་བརྟུལ་ཞུགས་ཀྱིས། །ཐོགས་མེད་གསོད་ལ་བརྩོན་པར་བྱ། །ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། ལྕེ་སྤྱང་གིས་ཐོགས་པ་མེད་པར་མྱུར་དུ་གསོད་ཅིང་སྤྱོད་པ་དང༌། ཟ་བྱེད་ཁྲ་ནི་དེ་ལྟར་གསོད་ཅིང་མང་པོ་ཟ་བར་བྱེད་པའི་དཔེ་ལྟར། རྣལ་འབྱོར་པའང་ཞིང་བཅུ་ལ་སོགས་པ་སྐད་ཅིག་ལ་སྒྲོལ་ཞིང་ཞལ་དུ་གསོལ་བའི་བརྟུལ་ཞུགས་ཏེ། ཞེས་གསུངས། |
| Domain | ཆོས་ལུགས། |