15902
Dictionaries | Monlam Grand <
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྨན་གྱི་ཁུངས་བཤད་ཀྱི་སྒོ་ནས་བཏགས་པའི་འབུ་སུ་ཧང་གི་མིང་གི་རྣམ་གྲངས་ཤིག་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ལས། རྨ་དང་མགོ་བཅོས་སོགས་ཀྱི་འབུ་སུ་ཧང། ཁུངས་བཤད་ཅོ་ག་ཀླད་སྨན་ཟེར་བ་དང། མི་ཤེས་བྱི་འུ་ཅོ་ག་བསད་ནས་ནི། ཀླད་པ་སྨན་དུ་གཏོང་ཞེས་བཞད་གད་གནས། ཞེས་གསུངས་པ་ལྟར་དང། ཅོ་ག་ཀླད་སྨན་ཞེས་པའི་རྒྱུ་མཚན་ནི། བདུད་རྩིའི་འབྱུང་ཁུངས་ལས། ཅོ་ག་ཀླད་སྨན་ཞེས་པ་ནི་བྱིའུ་ཅོ་གའི་ཀླད་པ་གསོ་ནུས་པའི་རྨ་སྨན་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། ། |