15910

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོ་ནེ་གྲགས་པ་བཤད་སྒྲུབ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ཕྱི་ལོ་ ༡༦༧༥ ལོར་མདོ་སྨད་ཅོ་ནེའི་གཡོ་ས་ནས་ཡབ་གཟུངས་འབུམ་སྐྱབས་དང་། ཡུམ་སྐལ་བཟང་སྨན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པ་ནས་ཡབ་ཀྱི་རྗེས་འབྲངས། ཡི་གེའི་འབྲི་ཀློག་དང་འདོན་ཆ་བཅས་བསླབས། དགུ་པར་ཅོ་ནེ་དགོན་ཆེན་ཏིང་འཛིན་དར་རྒྱས་གླིང་དུ་ཁྲི་ཆེན་དགེ་འདུན་གྲགས་པ་ལས་རབ་ཏུ་བྱུང་། ཉེར་གཅིག་པར་དབུས་ཀྱི་སེ་རའི་གྲྭ་ཚང་གི་ཆོས་གྲྭར་ཞུགས། བཀྲ་ཤིས་དཔལ་བཟང་དགེ་ལས་རྒྱན་འཇུག་གཉིས་དང་། བསྡུས་དཔེ་མང་པོར་སྦྱངས། སུམ་ཅུ་པར་ལྷ་རམས་པའི་མཚན་རྟགས་བཞེས་རྩིས་ཡོད་ཀྱང་དབུས་སུ་དུས་འཁྲུགས་བྱུང་བས་སྡེ་སྲིད་སྐུ་གཤེགས། སེ་ར་ནས་དམ་བཅའ་བཞག་པས་མིང་རྟགས་ཐོབ། སོ་གཅིག་པར་གཙང་དུ་ཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས། རྒྱུད་སྟོད་ཀྱི་ཆོས་གྲྭར་ཞུགས། དབུས་སུ་ཕེབས་ཏེ་དགའ་ལྡན་དང་འབྲས་སྤུངས་བཅས་དམ་བཅའ་མཛད། སོ་གཉིས་པར་རང་ཡུལ་དུ་ཕེབས། ཅོ་ནེ་དགོན་ཆེན་གྱི་མཚན་ཉིད་གྲྭ་ཚང་གི་བླ་མར་གྱུར། དགོན་ཆེན་གྱི་རྒྱུད་པ་གྲྭ་ཚང་གི་མཁན་པོ་དང་། ཅོ་ནེ་ཏིང་འཛིན་དར་རྒྱས་གླིང་གི་མཁན་པོ་ངག་དབང་འཕྲིན་ལས་རྒྱ་མཚོ། ཅོ་ནེ་དཔོན་པོ་འཇམ་དབྱངས་ནོར་བུ་སོགས་ཀྱི་བླ་མར་གྱུར། རེ་གཉིས་པར་དགོངས་པ་ཞུས། དོན་ལྔ་པ་རབ་བྱུང་བཅུ་གསུམ་པའི་ས་འབྲུག་ཕྱི་ལོ་ ༡༧༤༩ ལོར་སྐུ་གཤེགས། གསུང་རྩོམ་ནི་མདོ་སྔགས་ཆོས་རྒྱུད་ཀྱི་བླ་རབས་དང་། སྔགས་རིམ་གྱི་སྙིང་པོ་བསྡུས་པ། གསང་བདེ་འཇིགས་གསུམ་གྱི་བླ་མའི་རྣམ་འབྱོར། ཀུན་རིག་ཆོག་བསྒྲིགས་མ། སྣོད་བཅུད་གྱི་རྣམ་གཞག བྱང་ཆུབ་ལམ་རིམ་གྱི་དམར་ཁྲིད་ཅུང་ཟད་རྒྱས་པ། གྲུབ་མཐའ་བཞིའི་ལུགས་ཀྱི་ལྟ་བའི་རྣམ་གཞག དེའི་ཊཱཀྐ་ཡོངས་རྫོགས་གསང་འདུས་པའི་བདག་བསྐྱེད་བསྒྲིགས་མ། བདེ་མཆོག་རྩ་རྒྱུད་ཀྱི་ཊཱིཀྐ། ཆོས་མངོན་པ་མཛོད་ཀྱི་ཊཱིཀྐ་དགོངས་པ་རབ་གསལ། དབུ་མ་རྩ་བ་ཤེས་རབ་ཀྱི་ཊཱིཀྐ་རྣམ་བཤད་རིགས་པའི་རྒྱ་མཚོར་ལ་འཇུག་པའི་གྲུ་གཟིངས་སོགས་པོད་བཅུ་གཅིག་ལྷག་བཞུགས།

{{#arraymap:ཅོ་ནེ་གྲགས་པ་བཤད་སྒྲུབ་

|; |@@@ | | }}