15911

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོ་ནེ་ངག་དབང་འཕྲིན་ལས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ས་འབྲུག་ཕྱི་ལོ་ ༡༦༨༨ ལོར་མདོ་སྨད་ཅོ་ནེ་དཔོན་བློ་བཟང་དོན་གྲུབ་ཀྱི་སྲས་སུ་འཁྲུངས། འདུལ་འཛིན་ངག་དབང་བསོད་ནམས་ལས་རབ་ཏུ་བྱུང་། རྒྱའི་སློབ་དཔོན་ལཱིས་ཞན་ཟིན་ལས་རྒྱ་ཡིག་བསླབས། འབྲི་ཀློག་རྩོམ་གསུམ་མཁྱེན། ཉན་མཛངས་པ་ལས་བོད་ཡིག་ལ་སྦྱངས། ཉེར་དགུ་པར་ཕུ་བོ་སྲིད་སྐྱོང་དང་ལྷན་པེ་ཅིང་དུ་ཕེབས། སྐུ་གསུང་ཐུགས་རྟེན་མང་དུ་གདན་འདྲེན་ཞུས། གུར་ཡག་ངག་དབང་རྒྱལ་མཚན་དང་། གྲགས་པ་བཤད་སྒྲུབ་བཅས་ལས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས། ཕྱི་ལོ་ ༡༧༡༤ ལོར་ཅོ་ནེ་དགོན་ཆེན་དུ་མཚན་ཉིད་གྲྭ་ཚང་བཙུགས། སྐུ་གསུང་ཐུགས་རྟེན་གསར་བཞེངས་མཛད། དབང་ལུང་ཁྲིད་གསུམ་གྱི་ཆོས་རྒྱུན་སྤེལ། ང་གཅིག་པ་རབ་བྱུང་བཅུ་གཉིས་པའི་ས་རྟ་ཕྱི་ལོ་ ༡༧༣༨ ལོར་སྐུ་གཤེགས།