15912

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོ་ནེ་དཀོན་མཆོག་དམ་ཆོས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ཤིང་བྱ་ཕྱི་ལོ་ ༡༨༢༥ ལོར་མདོ་སྨད་ཅོ་ནེ་དཔོན་ཚང་དུ་ཡབ་ཆོས་རྒྱལ་འཇིགས་མེད་སྟོབས་རྒྱས་དང་། ཡུམ་བདེ་སྐྱིད་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། བཞི་པར་ཡབ་རྗེ་དྷྭ་ཛ་ལས་རབ་ཏུ་བྱུང། མཚན་ལ་དཀོན་མཆོག་སྟོབས་ལྡན་དབང་ཕྱུག་ཅེས་གསོལ། བཅུ་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། བསྡུས་གཞུང་བཅས་ལ་ཐོས་བསམ་མཛད། བཅུ་དྲུག་པར་ཁྱ་དགེ་དཔོན་སློབ་ལས་དབང་ལུང་ཁྲིད་གསུམ་ལ་གསན། ཉེར་ལྔ་པར་ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་བསྙེན་པར་རྫོགས། མཚན་ལ་དཀོན་མཆོག་དམ་ཆོས་རྒྱལ་མཚོ་ཞེས་གསོལ། ཉེར་དྲུག་པར་རྒྱལ་ཚབ་ནོ་མིན་ཧན་གྱིས་ཐམ་ཀ་གྲུ་སྒོར་བཀའ་ཤོག་སོགས་མཁན་ཆས་ཆ་ཚང་གནང། སོ་ལྔ་པར་ཀླུ་ཆུང་དགོན་དུ་རྒྱུད་སྟོད་གྲྭ་ཚང་དང་། ཁྱ་དགེར་མཚན་ཉིད། རོང་བ་ཧས་ཞི་སྤན་དུ་ཞལ་གྲངས་ལྔ་བརྒྱར་ཉེ་བའི་དགེ་འདུན་གྱི་སྡེ་བཙུགས། འདས་ལོ་མི་གསལ།